ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འདུ་ཐེངས་གཉིས་པ་བསྡུས། ཚོགས་ཐོག་ཏུ་བརྡས་ཐད་བཅད་པ་བརྒྱུད་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་སྲིད་གཞུང་བྱ་བའི་སྙན་ཞུ་དང་། འཆར་འགོད་སྙན་ཞུ་དང་འཆར་འགོད། སྔོན་རྩིས་སྙན་ཞུ་དང་སྔོན་རྩིས་ཀྱི་གྲོས་ཆོད་འཆར་ཟིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་གཏན་འབེབས་བཟོ་བཅོས་ཀྱི་འཆར་ཟིན་སོགས་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐད་བཅད།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལི་ཅི་ཡིས་མགོ་འཛིན་གནང་།

ཚོགས་འདུར་མི་བརྒྱ་དང་གྱ་གཅིག་ཞུགས་དགོས་ལ་མི་བརྒྱ་དང་དོན་གཅིག་ཚོགས་འདུར་ཞུགས་ཡོད་པ་དང་མི་བཅུ་ཚོགས་འདུར་ཞུགས་ཐུབ་མེད། ཚོགས་ཞུགས་མི་གྲངས་ཁྲིམས་བཀོད་མི་གྲངས་དང་མཐུན།

ཟླ3ཚེས5ཉིན་གྱི་ཕྱི་དྲོ་དང་ཚེས6ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་སྲིད་གཞུང་བྱ་བའི་སྙན་ཞུར་ནན་ཏན་གྱིས་གྲོས་ཞིབ་བྱས། འཐུས་མི་རྣམས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་པའི་ལོ་གཅིག་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས་ཤིང་། ད་ལོའི་སྲིད་གཞུང་བྱ་བའི་བཀོད་སྒྲིག་ལ་ཚང་མ་འཐད་པ་བྱུང་། གྲོས་ཞིབ་བྱེད་སྐབས། འཐུས་མི་རྣམས་ཀྱིས་བསམ་ཚུལ་དང་གྲོས་གཞི་རེ་འགའ་བཏོན།

རྒྱལ་སྲིད་སྤྱི་ཁབ་ཁང་གིས་འཐུས་མི་རྣམས་ཀྱི་གྲོས་ཞིབ་བསམ་ཚུལ་དང་འབྲེལ་ཡོད་ཕྱོགས་ཀྱི་བསམ་ཚུལ་ལྟར། སྲིད་གཞུང་བྱ་བའི་སྙན་ཞུར་ནན་ཏན་སྒོས་བཟོ་བཅོས་བྱས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་མི་རྣམས་ཀྱི་གྲོས་ཞིབ་བསམ་ཚུལ་དང་སྙན་ཞུ་བཟོ་བཅོས་གནས་ཚུལ་ལྟར། སྲིད་གཞུང་བྱ་བའི་སྙན་ཞུར་ཆོག་མཆན་འགོད་རྒྱུའི་རེ་ཞུ་བྱས་ཤིང་སྲིད་གཞུང་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་ཚབ་འགོད་བྱས། ཚོགས་ཐོག་ཏུ་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་སྲིད་གཞུང་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞུའུ་ཧུང་ཚའེ་ཡིས་ཚོགས་ཆེན་ལ་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་འཆར་ཟིན་ལ་ཞིབ་བཤེར་བྱས་པའི་སྙན་ཞུ་ཕུལ། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་བལྟས་ན། 2023ལོར་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་བཟང་ཕྱོགས་སུ་འཕེལ་བར་འདོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི2024ལོའི་འཆར་འགོད་འཆར་ཟིན་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་དང་འཚམ་ལ།  ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྩ་འཛིན་བླང་བྱ་དང་འཚམ་པར་མ་ཟད། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་སྤྱིའི་བླང་བྱ། དམིགས་འབེན་ལས་འགན། སྲིད་ཇུས་ཁ་ཕྱོགས། གཞི་རྩའི་བྱེད་ཐབས་དང་རྩ་བའི་མཐུན་སྦྱོར་གཞོགས་འདེགས་སོགས་དང་འཚམ་པས་སྤྱིའི་ཆ་ནས་ལག་བསྟར་བྱས་ཆོག རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་འཆར་ཟིན་གྱི་སྙན་ཞུ་ལ་ཆོག་མཆན་འགོད་རྒྱུ་དང་། 2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་འཆར་ཟིན་ལ་ཆོག་མཆན་འགོད་རྒྱུའི་གྲོས་གཞི་བཏོན་པ་ཡིན་ཟེར།

ཞུའུ་ཧུང་ཚའེ་ཡིས་ཚོགས་ཐོག་ཏུ་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི2023ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང2024ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་གྱི་ཞིབ་བཤེར་མཇུག་འབྲས་སྐོར་གྱི་སྙན་ཞུ་ཕུལ། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་བལྟས་ན། 2023ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་བཟང་བར་འདོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི2024ལོའི་སྔོན་རྩིས་སྙན་ཞུ་དང་། ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་འཚམ་ལ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་འཚམ་པར་མ་ཟད། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དམིགས་འབེན་དང་སྤྱི་ཁོག་སྙོམ་སྒྲིག་གི་སྤྱིའི་བླང་བྱ་དང་མཐུན་ལ། གཏོང་ཡོང་སྲིད་ཇུས་མཐུན་སྦྱོར་བྱས་པ་ལེགས་ཤིང་། སྔོན་རྩིས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་པས་སྤྱིའི་ཆ་ནས་ལག་བསྟར་བྱས་ཆོག རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི2023ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང2024ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུར་ཆོག་མཆན་འགོད་རྒྱུ་དང་། 2024ལོའི་ཀྲུང་དབྱང་སྔོན་རྩིས་འཆར་ཟིན་ལ་ཆོག་མཆན་འགོད་རྒྱུ། དུས་མཉམ་དུ2024ལོའི་ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་བུ་ལོན་ཚད་གྲངས་སྒོར་རབ་བཀྲམ་གཅིག་ཁྲག་ཁྲིག་ཆེན་མོ་བདུན་ཁྲག་ཁྲིག་གཉིས་ཐེར་ཆེན་དྲུག་ཐེར་འབུར་བརྒྱད་དུང་ཕྱུར་དགུ་དང་བྱེ་བ་ག་ཉིས་ས་ཡ་གཉིས་དང་།  ཆེད་དོན་བུ་ལོན་ཚད་གྲངས་སྒོར་རབ་བཀྲམ་གཉིས་ཁྲག་ཁྲིག་ཆེན་མོ་དགུ་ཁྲག་ཁྲིག་ལྔ་ཐེར་ཆེན་གཅིག་ཐེར་འབུམ་བརྒྱད་དུང་ཕྱུར་ལྔ་དང་ས་ཡ་བརྒྱད་ལ་ཆོག་མཆན་འགོད་རྒྱུའི་གྲོས་གཞི་བཏོན་པ་ཡིན་ཟེར།

ཚོགས་ཐོག་ཏུ་བརྡས་ཐག་བཅད་པ་བརྒྱུད་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་མཇུག་འབྲས་ཀྱི་སྙན་ཞུ་གཉིས་ལ་གྲོས་འཆམ་བྱུང་།

ཟླ3ཚེས6ཉིན་གྱི་ཕྱི་དྲོ་དང་ཚེས7ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་འཆར་འགོད་སྙན་ཞུ་དང་འཆར་འགོད་འཆར་ཟིན། སྔོན་རྩིས་སྙན་ཞུ་དང་སྔོན་རྩིས་འཆར་ཟིན་བཅས་ལ་ནན་ཏན་གྱིས་གྲོས་ཞིབ་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་རྣམས་ཀྱི་ཞིབ་བཤེར་བསམ་ཚུལ་ལྟར། སྙན་ཞུ་གཉིས་ལ་ནན་ཏན་གྱིས་བཟོ་བཅོས་བརྒྱབ། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་ཚབ་ཚོགས་པ་སོ་སོའི་ཞིབ་བཤེར་བསམ་ཚུལ་དང་། སྙན་ཞུ་བཟོ་བཅོས་གནས་ཚུལ་དང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་མཇུག་འབྲས་ཀྱི་སྙན་ཞུ་གཞིར་བཟུང་སྟེ། འཆར་འགོད་སྙན་ཞུ་དང་འཆར་འགོད་འཆར་ཟིན། སྔོན་རྩིས་སྙན་ཞུ་དང་ཀྲུང་དབྱང་སྔོན་རྩིས་འཆར་ཟིན་ལ་ཆོག་མཆན་འགོད་རྒྱུ་དང་། འཆར་འགོད་སྙན་ཞུ་དང་འཆར་འགོད། སྔོན་རྩིས་སྙན་ཞུ་དང་སྔོན་རྩིས་བཅས་ཀྱི་གྲོས་ཆོད་འཆར་ཟིན་ཚབ་འགོད་བྱ་རྒྱུའི་གྲོས་གཞི་བཏོན། 2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་ཆོད་དོན་འཆར་ཟིན་དང་། 2023ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང2024ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ཀྱི་ཆོད་དོན་འཆར་ཟིན་འཐུས་ཚབ་ཚོགས་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

ཟླ3ཚེས7ཉིན་གྱི་ཕྱི་དྲོར། འཐུས་ཚབ་ཚོགས་པ་སོ་སོས་རྒྱལ་སྲིད་སྤྱི་ཁབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་ནན་ཏན་གྱིས་གྲོས་ཞིབ་བྱས། རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་བསམ་ཚུལ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་ཤིང་། གཏན་འབེབས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་བཏོན། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་སྟེང་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞིན་ཁྲུན་དབྱིན་གྱིས་ཕུལ་བའི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཉན། ཚོགས་ཐོག་ཏུ་བརྡས་ཐག་བཅད་པ་བརྒྱུད་གོང་གི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་བཟོ་བཅོས་མ་ཡིག་ལ་གྲོས་འཆམ་བྱུང་ཞིང་། གཏན་འབེབས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལི་ཧུང་ཀྲུང་དང་། ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏིན་ཀྲུང་ལི། ཧོ་མེན་ཅིན། ཚའེ་ཏ་ཧྥིན། ཧི་ཝེ། ཝུའུ་ཝེ་ཧྭ། ཐེ་ཉིང་། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁི་ལེ་ཐིས་ཀྲ་ཁི་ཨར། ལིའུ་ཆི་བཅས་ཚོགས་འདུར་ཞུགས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།