ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་དང་ཏེན་ཞུའེ་ཞང་གཉིས་སོ་སོར་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཀྱི་འཐུས་ཚབ་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གཉིས་ཚེས7ཉིན་སོ་སོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་འཐུས་ཚབ་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ལ་ཞུགས།

ཚེས7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐའེ་ཝན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཝང་ཧུའུ་ཉིང་ཚེས7ཉིན་གྱི་ཕྱི་དྲོར་ཐའེ་ཝན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་། འཐུས་མི་ཡན་ཁི་དང་། ཁྲིན་ཡུང་ཏུང་། ཀྲོའུ་ཆི་སོགས་ཀྱི་གཏམ་བཤད་ལ་གསན་རྗེས་ཝང་ཧུའུ་ཉིང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཐའེ་ཝན་གྱི་བྱ་བའི་ཐད་ནས་ཐའེ་ཝན་མཚོ་འགག་གི་གནས་བབ་སྤྱིའི་ཆ་ནས་བརྟན་ལྷིང་ཡོང་བར་སྲུང་སྐྱོབ་ནུས་ལྡན་བྱས་ནས་མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བར་བྱེད་པའི་འཐབ་ཇུས་ཀྱི་རང་འགུལ་སྔར་ལས་སྟངས་འཛིན་བྱས་ཡོད། དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ཆེན་པོ་དང་ཏང་ཀྲུང་དབྱང་གི་ཐའེ་ཝན་བྱ་བའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་གྱི་ལས་དོན་ཆེན་པོར་སྐུལ་འདེད་གཏོང་དགོས། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱས་ནས“ཐའེ་ཝན་རང་བཙན”གྱི་ཁ་བྲལ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ། འགྲམ་གཉིས་ཀྱི་སྤུན་ཟླའི་སེམས་པ་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་འགྲམ་གཉིས་ཀྱི་མདུན་ལམ་དང་ལས་དབང་དེ་འགྲམ་གཉིས་ཀྱི་ཀྲུང་གོ་པའི་ལག་ཏུ་བརྟན་པོར་འཛིན་དགོས།

ཚེས7ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཞང་ཀང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཚེས7ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཨོ་མོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཚེས7ཉིན་གྱི་སྔ་དྲོར། ཏེན་ཞུའེ་ཞང་སོ་སོར་ཞང་ཀང་འཐུས་ཚབ་ཚོགས་པ་དང་ཨོ་མོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་། ཞང་ཀང་དང་ཨོ་མོན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་ཁོང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ་དང་། ཞང་ཀང་ཟང་ཟིང་བཅོས་སྐྱོང་བྱེད་པ་ནས་བཅོས་སྐྱོང་དར་རྒྱས་སུ་གཏོང་བར་བརྟན་བརླིང་ངང་གོམ་སྟབས་བསྒྱུར་བ་དང་། ཞང་ཀང་དང་ཨོ་མོན་གཉིས་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ལག་ལེན་དངོས་ཀྱི་ཐོག་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དེ་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་། ཞང་ཀང་དང་ཨོ་མོན་གྱི་རྩ་བའི་ཁེ་ཕན་དང་འཚམ་པས་ལག་བསྟར་བྱེད་ཐུབ་པ་དང་། སྒྲུབ་ཐུབ་པ། ཚང་མས་རྒྱབ་སྐྱོར་བྱེད་པ་བཅས་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད། ཞང་ཀང་འཐུས་ཚབ་ཚོགས་པ་རུ་ཏེན་ཞུའེ་ཞང་གིས་བསྟན་དོན། ཞང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན23པའི་ཁྲིམས་འཛུགས་ནི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ལམ་ལུགས་ཀྱི་འགན་འཁྲི་ཞིག་ཡིན་པས་ལས་དོན་དེ་གང་མགྱོགས་ངང་ལེགས་སྒྲུབ་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ་ཞང་ཀང་ཡུན་རིང་བདེ་འགོད་ཡོང་བར་འགན་ལེན་བྱེད་དགོས། ཞང་ཀང་གིས་དུས་ཡུན་རིང་པོར་དམིགས་བསལ་གྱི་གོ་གནས་དང་དགེ་མཚན་སྲུང་འཛིན་བྱེད་པར་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་ཐོག་འགྲོ་འོང་དང་མཉམ་ལས་བྱེད་རྒྱ་ཇེ་ཆེར་གཏོང་བ། རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ཀྱི་ཁྲོད་སྔར་ལས་ལེགས་པར་འདྲེས་པ། ཞང་ཀང་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་བར་སྐུལ་སྤེལ་བཅས་བྱེད་དགོས། ཨོ་མོན་འཐུས་ཚབ་ཚོགས་པ་རུ་ཏེན་ཞུའེ་ཞང་གིས་བསྟན་དོན། ད་ལོ་ནི་ཨོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བའི་ལོ་ཡིན་པས། གོ་སྐབས་འདི་དང་བསྟུན་ནས་ཨོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་འཕེལ་རིམ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཨོ་མོན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཧིན་ཆིན་ཀོང་ཏུང་ཨའོ་མིན་མཉམ་ལས་ཟབ་སྤེལ་ཁུལ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ཨོ་མོན་གྱི་དཔལ་འབྱོར་སྣ་མང་ཅན་དུ་འཕེལ་རྒྱས་འོས་འཚམ་གཏོང་བར་སྐུལ་སྤེལ་བཅས་བྱེད་དགོས། ཏེན་ཞུའེ་ཞང་གིས་ཞང་ཀང་དང་ཨོ་མོན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་བྱ་བར་ཁས་ལེན་གང་ལེགས་གནང་བ་དང་། ཚང་མས་འགན་སྒྲུབ་ནན་མོ་བྱས་ཏེ། སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་གཅེས་ཀང་གཅེས་ཨོ་གཅེས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མཐུན་སྒྲིལ་འབད་འཐབ་བྱས་ཏེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ཡུན་རིང་བརྟན་པོ་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།