ཀྲུང་གོ་བོད་ཀྱི་དྲ་བ།

དྲ་རྒྱའི་བར་སྟོང་གི་ལས་དབང་གཅིག་མཐུན་ཚོགས་པའི་མ་ལག་མཉམ་དུ་བསྐྲུན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ11པའི་ཚེས8ཉིན2023ལོའི་འཛམ་གླིང་དྲ་རྒྱའི་ཚོགས་ཆེན་ཝུའུ་ཀྲིན་དབུ་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་བརྙན་ལམ་ཐོག་ནས་ཤིས་ཚིག་ཕུལ་ཏེ། གོ་ལ་ཧྲིལ་པོའི་དྲ་རྒྱའི་འཕེལ་རྒྱས་བཅོས་སྐྱོང་ལ་འཕྲད་པའི་དུས་བབ་གསར་པར་ཚན་རིག་དང་མཐུན་པའི་ངང་དབྱེ་ཞིབ་གནང་བ་དང་། ཀུན་ཕན་དར་རྒྱས་དང་ཞི་བདེ་བདེ་འཇགས། འདྲ་མཉམ་ཁོང་ཡངས་བཅས་ཀྱི་དྲ་རྒྱའི་བར་སྟོང་ཞིག་བསྐྲུན་ཏེ། དྲ་རྒྱའི་བར་སྟོང་གི་ལས་དབང་གཅིག་མཐུན་ཚོགས་པའི་མ་ལག་གཏོད་པར་སྐུལ་འདེད་གཏོང་ཆེད་ཁྲིད་སྟོན་གལ་ཆེན་མཁོ་འདོན་གནང་།

ཚོགས་ཞུགས་མི་སྣས་གཅིག་རྗེས་གཉིས་མཐུད་ངང་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་ཚིག་གིས་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་བ་དང་མཉམ་ཤུགས་གཅིག་སྡུད། སྐད་ཆ་ཤོད་རེས་དང་སྤེལ་རེས་ལ་ཤུགས་སྣོན། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་སྔར་ལས་ལྷག་པའི་སྒོ་ནས་ཤུགས་བསྣན་ཏེ། དྲ་རྒྱའི་བར་སྟོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་མ་ལག་གཏོད་པ་དེ་དུས་མཚམས་གསར་པར་སྐུལ་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་ཚིག་ནང་། དེང་སྐབས་ཀྱི་འཛམ་གླིང་ལ་འགྱུར་ལྡོག་དང་ཟང་ཟིང་མཉམ་དུ་གནས་ཤིང་། ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་སྒོས་འགྲོ་བཞིན་ཡོད། འཕེལ་རྒྱས་ཀྱི་བུ་ལོན་ཇི་ལྟར་ཐག་གཅོད་དང་། བདེ་འཇགས་ཀྱི་དཀའ་གནད་ཇི་ལྟར་སྒྲོལ་བ། ཤེས་དཔལ་དཔྱད་གཞིར་འཛིན་པར་ཤུགས་སྣོན་ཇི་ལྟར་རྒྱག་པ་བཅས་ནི་ང་ཚོའི་ཐུན་མོང་ཐོག་འཕྲད་པའི་དུས་རབས་ཀྱི་འདྲི་གཞི་ཞིག་རེད་ཅེས་བསྟན། 

ཞི་ཅིན་ཕིང་གིས་དྲ་རྒྱའི་བར་སྟོང་གི་ལས་དབང་གཅིག་མཐུན་ཚོགས་པའི་མ་ལག་གཏོད་རྒྱུ་ནི། དུས་རབས་ཀྱི་འདྲི་གཞིར་ལན་འདེབས་པའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འབོད་སྒྲ་ཞིག་ཀྱང་རེད། ང་ཚོས་སྤེལ་རེས་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། དྲ་རྒྱའི་བར་སྟོང་གི་ལས་དབང་གཅིག་མཐུན་ཚོགས་པའི་མ་ལག་གཏོད་རྒྱུ་དེ་དུས་མཚམས་གསར་པར་སྐུལ་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་བསྟན།

འཛམ་གླིང་དྲ་རྒྱའི་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་རེན་ཞན་ལེའང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་ཚིག་ལས་དྲ་རྒྱའི་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཟབ་མོར་ཆུད་པ་དང་། དྲ་རྒྱའི་བར་སྟོང་འཕེལ་རྒྱས་ཀྱི་མདུན་ལམ་ལ་དགོངས་གཞིག་གང་ལེགས་གནང་བ་མཚོན་ཞིང་། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་གྲངས་འཛིན་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བའི་འདུན་པ་ཟབ་མོ་བརྒྱུད་སྤྲོད་བྱས་ཡོད།

རེན་ཞན་ལེའང་གིས་འཛམ་གླིང་དྲ་རྒྱའི་ཚོགས་ཆེན་གྱི་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱིས་གསར་གཏོད་འཕེལ་རྒྱས་རྒྱུན་འཁྱོངས་དང་། ཀུན་ཕན་མཉམ་ལས་རྒྱུན་འཁྱོངས། སྒོ་དབྱེ་ཁོང་ཡངས་རྒྱུན་འཁྱོངས། ཕན་ཚུན་རོགས་རེས་རྒྱུན་འཁྱོངས་བཅས་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཞི་བདེ་དང་བདེ་འཇགས། སྒོ་དབྱེ། མཉམ་ལས། གོ་རིམ་ལྡན་པ་བཅས་ཀྱི་དྲ་རྒྱའི་བར་སྟོང་ཤིག་གཏོད་པའི་འདུན་པ་བཟང་པོ་དེ་ཟམ་མི་ཆད་པར་དོན་དངོས་སུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད།

རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ་གྱི་དེ་སྔའི་དྲུང་ཡིག་ཆེན་མོ་ཀྲའོ་ཧོའུ་ལིན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ང་ཚོར་མ་འོངས་བའི་ལོ་བཅུའི་ནང་ངམ་ཐ་ན་དེ་ལས་རིང་བའི་དུས་ཚོད་ནང་། ང་ཚོའི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ཏེ་ང་ཚོའི་གྲངས་འཛིན་ཀྲུང་གོ་དང་གྲངས་འཛིན་སྟོབས་ལྡན་རྒྱལ་ཁབ་ཀྱིས་ང་ཚོ་ཀྲུང་གོ་མང་ཚོགས་ལ་ཕན་པ་བསྐྲུན་རྒྱུ་མ་ཟད། འཛམ་གླིང་ཡོངས་ཀྱི་མང་ཚོགས་ལའང་ཕན་པ་བསྐྲུན་པར་སྐུལ་མ་ཐེབས་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད།

ཤིས་ཚིག་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔར་བས་ཀུན་ཕན་དར་རྒྱས་དང་ཞི་བདེ་བདེ་འཇགས། འདྲ་མཉམ་ཁོང་ཡངས་བཅས་ཀྱི་དྲ་རྒྱའི་བར་སྟོང་ཞིག་བསྐྲུན་ཏེ། དྲ་རྒྱའི་བར་སྟོང་གི་ལས་དབང་གཅིག་མཐུན་ཚོགས་པའི་མ་ལག་གཏོད་རྒྱུ་དེ་དུས་མཚམས་གསར་པར་སླེབས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད་པས། ཚོགས་ཞུགས་མི་སྣའི་ཁས་ལེན་ཟབ་མོ་ཐོབ།

ཀྲུང་གོའི་དེང་རབས་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ལི་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ཁོང་གིས་བཏོན་པའི་དྲ་རྒྱའི་བར་སྟོང་གི་ལས་དབང་གཅིག་མཐུན་ཚོགས་པའི་མ་ལག་གཏོད་པའི་དགོས་ངེས་རང་བཞིན་སླར་ཡང་གླེང་བ་དེས། གོ་ལ་ཧྲིལ་པོའི་མ་འོངས་བའི་དྲ་རྒྱའི་འཕེལ་རྒྱས་ཐད་འདོད་ཚུལ་གསར་པ་བཏོན་ཞིང་། ལོ10རྗེས་མའམ་ཐ་ན་མ་འོངས་བའི་དུས་ཚོད་རིང་བའི་ནང་གོ་ལ་ཧྲིལ་པོའི་དྲ་རྒྱ་འཕེལ་རྒྱས་འགྲོ་བར་ཁ་ཕྱོགས་ཆེན་པོ་གསལ་སྟོན་གནང་ཡོད།

རྒྱལ་ནང་གི་གློག་རྡུལ་ཆ་འཕྲིན་ཁེ་ལས་ཤིག་གི་སྤྱི་ཁྱབ་སྤྱི་གཉེར་ལི་ལི་ཀུང་གིས་བཤད་རྒྱུར། ང་ཚོས་གཅིག་མཐུན་མ་ལག་འདིའི་བདེ་འཇགས་རང་བཞིན་དང་། ཚན་རིག་རང་བཞིན། ཕན་ནུས་རང་བཞིན་བཅས་ལ་སྲུང་སྐྱོང་བྱེད་དགོས། ལག་རྩལ་དང་མིའི་ཐབས་ཀྱི་དོ་དམ་ཚོད་འཛིན་ལ་བརྟེན་ནས་དྲ་རྒྱ་སྔར་ལས་སྐྱོན་བྲལ་དང་སྔར་བས་ལྡེམ་ཤུགས་ལྡན་པ་ཡོང་བ་བྱེད་དགོས།

མི་ཚང་མས། དྲ་རྒྱའི་བར་སྟོང་གི་ལས་དབང་གཅིག་མཐུན་མ་ལག་འཛུགས་པའི་དམིགས་ཚད་ལ་གཞིགས་ནས། སྤེལ་རེས་བགྲོ་གླེང་ལ་སྔར་ལས་ཤུགས་སྣོན་དང་དངོས་སྒྲུབ་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། དྲ་རྒྱས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེ་བ་བསྐྲུན་ནས། མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་བསྟན།

རྒྱལ་ནང་གི་དྲ་རྒྱའི་ཁེ་ལས་ཤིག་གི་སྤྱི་འདོམས་པ་གཞོན་པ་ཀྲང་ལི་ཅུན་གྱིས་བཤད་རྒྱུར། ང་ཚོས་ཕྱི་ནང་འཁོར་རྒྱུག་ཐུབ་པའི“གྲངས་འཛིན་ཕོ་ཉ”ཞིག་བྱས་ནས། གྲངས་འཛིན་ལག་རྩལ་ལ་བརྟེན་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་བརྗེ་བསྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་འཕེལ་ལ་རམ་འདེགས་བྱས་ཏེ། འཛམ་གླིང་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་ཀྲུང་གོའི་སྙིང་སྟོབས་མངོན་པ། ཀྲུང་གོའི་བློ་རིག་འདུས་པ་བཅས་ཀྱི་ཕུལ་བྱུང་རིག་གནས་སྔར་ལས་མང་བ་གསལ་འགྲེལ་དང་འོས་སྦྱོར་བྱ་རྒྱུ་ཡིན།  །

 
རྩོམ་སྒྲིག་པ། : 才让东珠