ཀྲུང་གོ་བོད་ཀྱི་དྲ་བ།

རིག་གནས་དང་ཡུལ་སྐོར་པུའུ་ཡིས《རྒྱལ་ནང་གི་ཡུལ་སྐོར་མཐོར་འདེགས་འཆར་གཞི(2023—2025ལོ)》དཔར་འགྲེམ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཉེ་ལམ《རྒྱལ་ནང་གི་ཡུལ་སྐོར་མཐོར་འདེགས་འཆར་གཞི(2023—2025ལོ)》དཔར་འགྲེམ་བྱས་ཤིང་། དེའི་ཁྲོད2025ལོར་བསླེབ་དུས་རྒྱལ་ནང་གི་ཡུལ་སྐོར་ཚོང་རའི་གཞི་ཁྱོན་ལུགས་མཐུན་ངང་འཕར་སྣོན་བྱུང་བ་དང་སྤུས་ཚད་སྔར་ལས་མཐོར་འདེགས་བྱུང་བ་རྒྱུན་འཁྱོངས་བྱ་རྒྱུ་དང་། རྒྱལ་ནང་གི་ཡུལ་སྐོར་དྲིལ་སྒྲོག་ཁྱབ་གདལ་གྲུབ་འབྲས་སྔར་ལས་མངོན་གསལ་ཡིན་ལ། སྤུས་ལེགས་ཡུལ་སྐོར་འདོན་སྤྲོད་སྔར་ལས་ཕུན་སུམ་ཚོགས་པ། ཡུལ་སྐོར་བའི་འཛད་སྤྱོད་རོལ་མྱོང་སྔར་ལས་ལེགས་བཅོས་བྱུང་ནས། ཡིད་ཚིམ་ཚད་སྔར་ལས་མཐོར་འདེགས་བྱུང་བ། ཡུལ་སྐོར་སྤྱི་བའི་ཞབས་ཞུ་ཕན་འབྲས་རྒྱུན་མཐུད་ངང་མཐོར་འདེགས་བྱུང་ནས། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ཚད་བརྒལ་བྱུང་བ་དང་། ཡུལ་སྐོར་ཚོང་རའི་ཕྱོགས་བསྡུས་ལྟ་སྐུལ་ལམ་ལུགས་སྔར་ལས་འཐུས་ཚང་ཡིན་པ། དེང་རབས་བཅོས་སྐྱོང་ནུས་པ་སྔར་ལས་ཤུགས་སྣོན་བྱུང་སྟེ། རྒྱལ་ནང་གི་ཡུལ་སྐོར་ཚོང་རས་འཛད་སྤྱོད་ལ་སྐུལ་འདེད་དང་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་བྱེད་ནུས་མངོན་གསལ་ཡིན་པར་བཏོན་ཡོད།

རྒྱལ་ནང་གི་ཡུལ་སྐོར་དྲིལ་སྒྲོག་ཁྱབ་གདལ་ལ་ཤུགས་སྣོན་དང་སྤུས་ལེགས་ཡུལ་སྐོར་འདོན་སྤྲོད་ཕུན་ཚོགས་སུ་གཏོང་བ་སོགས་ཕྱོགས9ལ་དམིགས་ཏེ། ལས་འགན་གཙོ་བོ་ཁག30ཡི་འཆར་གཞི་བཟོས་ཡོད། འཆར་གཞི་ལྟར་ན། ཡུལ་སྐོར་ཐོན་རྫས་ཀྱི་སྒྲིག་གཞི་ཇེ་ལེགས་སུ་གཏོང་དགོས་ལ། ཡུལ་སྐོར་ཐོན་རྫས་མ་ལག་གསར་གཏོད་བཏང་སྟེ། ཚོང་རའི་དགོས་མཁོ་སྐོང་ཐུབ་པ་དང་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་དང་ཡུལ་སྐོར་ལམ་ཐིག་སྔར་ལས་མང་པོ་བསྐྲུན་དགོས། རོལ་མྱོང་རང་བཞིན་དང་ཕན་ཚུན་ནུས་འདོན་གྱི་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཚན་ཞིབ་དང་། གངས་འཁྱགས། རྒྱ་མཚོ། འཁྱངས་འཁོར། ཉེན་འགྲིམ། སྐར་མ་ལྟ་བ། ཚ་གཡོག་གྲང་གཡོལ། གྲོང་ཁྱེར་འཆམ་འཆམ་བཅས་ཀྱི་ཡུལ་སྐོར་ཐོན་རྫས་གསར་བར་སྐུལ་འདེད་གཏོང་དགོས། ལྗང་མདོག་ཡུལ་སྐོར་འཕེལ་རྒྱས་སུ་བཏང་སྟེ། ཤེས་རིག་ཡུལ་སྐོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ཚན་རྩལ་གྱིས་ཡུལ་སྐོར་ལ་ནུས་ཤུགས་བསྩོལ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།