ཀྲུང་གོ་བོད་ཀྱི་དྲ་བ།

《འཛམ་གླིང་མཉམ་སྦྲེལ་དྲ་བའི་འཕེལ་རྒྱས་སྙན་ཞུ2023》དང《ཀྲུང་གོ་མཉམ་སྦྲེལ་དྲ་བའི་འཕེལ་རྒྱས་སྙན་ཞུ2023》ཀྱི་རྒྱབ་ཤ་སྔོན་པོའི་དེབ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས8ཉིན། 《འཛམ་གླིང་མཉམ་སྦྲེལ་དྲ་བའི་འཕེལ་རྒྱས་སྙན་ཞུ2023》དང《ཀྲུང་གོ་མཉམ་སྦྲེལ་དྲ་བའི་འཕེལ་རྒྱས་སྙན་ཞུ2023》ཀྱི་རྒྱབ་ཤ་སྔོན་པོའི་དེབ་དེ2023ལོའི་འཛམ་གླིང་མཉམ་སྦྲེལ་དྲ་བའི་ཚོགས་ཆེན་གྱི་ཝུའུ་ཀྲིན་རྩེ་ཚོགས་སྟེང་ཁྱབ་བསྒྲགས་བྱས།

རྒྱབ་ཤ་སྔོན་པོའི་དེབ་ནི་ཀྲུང་གོ་དྲ་རྒྱའི་བར་སྟོང་ཞིབ་འཇུག་གླིང་གིས་སྣེ་ཁྲིད་དེ་རྩོམ་སྒྲིག་བྱས་ཤིང་། མཉམ་སྦྲེལ་དྲ་བ་འཕེལ་རྒྱས་ཀྱི་འགུལ་རྣམ་གསར་བ་དང་འཕེལ་ཕྱོགས་གསར་བ། འགྱུར་ལྡོག་གསར་བ་བཅས་ལ་དམིགས་ཏེ། གྲུབ་འབྲས་ཕྱིར་དྲན་དང་ཉམས་མྱོང་སྤྱི་བསྡོམས། གནས་བབ་དབྱེ་ཞིབ་བཅས་བྱས་ཏེ། འཛམ་གླིང་ཡོངས་ཀྱི་མཉམ་སྦྲེལ་དྲ་བའི་འཕེལ་རྒྱས་དང་བཅོས་སྐྱོང་ལ་བསམ་བློའི་གཞི་འཛིན་ས་དང་རིག་པའི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད་པ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།