ཀྲུང་གོ་བོད་ཀྱི་དྲ་བ།

2023ལོའི་འཛམ་གླིང་མཉམ་སྦྲེལ་དྲ་བའི་ཚོགས་ཆེན་གྱི་ཝུའུ་ཀྲིན་རྩེ་ཚོགས་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2023ལོའི་འཛམ་གླིང་མཉམ་སྦྲེལ་དྲ་བའི་ཚོགས་ཆེན་གྱི་ཝུའུ་ཀྲིན་རྩེ་ཚོགས་ཚེས8ཉིན་ཀྲེ་ཅང་ཞིང་ཆེན་ཝུའུ་ཀྲིན་གྲོང་ཁྱེར་དུ་འཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ་མགོ་རྩོམ་མཛད་སྒོར་ཞུགས་ཏེ་གཙོ་དོན་གཏམ་བཤད་གནང་།

ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་ཚིག་ཁྲོད་གོ་ལ་ཧྲིལ་བོའི་མཉམ་སྦྲེལ་དྲ་བའི་འཕེལ་རྒྱས་བཅོས་སྐྱོང་ལ་འཕྲད་པའི་དུས་བབ་གསར་པ་དང་བླང་བྱ་གསར་པར་ཚན་རིག་དང་མཐུན་པའི་དབྱེ་ཞིབ་གནང་ནས། སྔར་ལས་ཀུན་ཕན་དར་རྒྱས་དང་ཞི་བདེ་བདེ་འཇགས། སྔར་ལས་འདྲ་མཉམ་ཁོང་ཡངས་བཅས་ཀྱི་དྲ་རྒྱའི་བར་སྟོངས་བསྐྲུན་པའི“དར་སྤེལ་གསུམ”བཏོན་ནས། ལག་གདང་སྦྲེལ་ནས་དྲ་རྒྱའི་བར་སྟོངས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་ཆེད་མཛུབ་ཁྲིད་གལ་ཆེན་མཁོ་འདོན་གནང་ཡོད་པའི་ངོས་འཛིན་གནང་། མཉམ་སྦྲེལ་དྲ་བའི་ཚོགས་ཆེན་ལ་ལོ10ལ་འཚོགས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དེ་ནི་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་ཡིན་ལ། ཀྲུང་གོས་འཛམ་གླིང་དང་ཕན་ཚུན་སྦྲེལ་མཐུད་དང་དྲ་སྦྲེལ་མཉམ་སྤྱོད་མཉམ་བཅོས་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་དངོས་ཀྱང་ཡིན་པར་འདོད།

ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས་ཀྲུའུ་ཞིཞི་ཅིན་ཕིང་གིས་བཏོན་པའི་དམིགས་འབེན་བསམ་འདུན་ལ་དམིགས་ཏེ། གསར་གཏོད་འཕེལ་རྒྱས་རྒྱུན་འཁྱོངས་དང་མཐུན་སྦྱོར་ཞིབ་འཇུག་གསར་སྤེལ་ལ་ཤུགས་བསྣན་ནས། གྲངས་འཛིན་འཛམ་གླིང་གིས་མིའི་རིགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས་པ་དང་། ཀུན་ཕན་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ་དམངས་འཚོ་ཇེ་ལེགས་སུ་གཏོང་བ་དང་དབུལ་ཕོངས་མེད་པར་བཟོ་བ་སོགས་ཐད་ཀྱི་མཉམ་སྦྲེལ་དྲ་བ་དང་གྲངས་འཛིན་ལག་རྩལ་གྱི་ནུས་པ་འདོན་སྤེལ་བྱས་ནས། གྲངས་འཛིན་འཛམ་གླིང་གིས་མིའི་རིགས་ཀྱི་ཐུན་མོང་གི་བདེ་སྐྱིད་སྔར་ལས་ལེགས་པའི་སྒོ་ནས་ཇེ་ལེགས་སུ་གཏོང་རྒྱུ། སྒོ་འབྱེད་ཁོང་ཡངས་རྒྱུན་འཁྱོངས་དང་དྲ་ཐོག་གི་ཤེས་དཔལ་གླེང་མོལ་ལ་ཤུགས་བསྣན་ནས། གྲངས་འཛིན་འཛམ་གླིང་གིས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྔར་ལས་སྐུལ་འདེད་གཏོང་བ། སོ་སྲུང་རོགས་རེས་རྒྱུན་འཁྱོངས་དང་། རྒྱལ་ཁབ་སོ་སོའི་དྲ་རྒྱའི་བདག་དབང་ལ་བརྩི་འཇོག དྲ་རྒྱའི་བདེ་འཇགས་ལ་སྲུང་སྐྱོང་བཅས་བྱས་ནས། གྲངས་འཛིན་འཛམ་གླིང་གིས་ཞི་བདེ་དང་བདེ་འཇགས། བརྟན་ལྷིང་བཅས་ལ་སྔར་ལས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱེད་དུ་འཇུག་རྒྱུ་ཡིན་པར་འདོད།

སྐབས་འདིའི་རྩེ་ཚོགས་སྟེང་།“ཁོང་ཡངས་དང་ཀུན་ཕན། མཉེན་གཤིས་བཅས་ཀྱི་གྲངས་འཛིན་འཛམ་གླིང་བསྐྲུན་རྒྱུ་སྟེ། ལག་གདང་སྦྲེལ་ནས་དྲ་རྒྱའི་བར་སྟོངས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པ”བརྗོད་དོན་གཙོ་བོར་བྱས་ཏེ། གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོའི་གྲངས་གཞིའི་མཉམ་ལས་དང་། གྲངས་འཛིན་ཅན་དང་ལྗང་མདོག་ཅན་མཐུན་སྦྱོར་ཚུལ་སྒྱུར། མི་ཐབས་རིག་ནུས་སོགས་གྲོས་གཞིར་དམིགས་ནས་ཡན་ལག་གླེང་སྟེགས20སྤེལ་རྒྱུ་རེད། རྒྱལ་ཁབ་དང་ས་ཁུལ120ལྷག་ནས་ཕེབས་པའི་སྐུ་མགྲོན1800ལྷག་གིས་དྲ་ཐོག་དང་ཡུལ་དངོས་ཀྱི་རྣམ་པས་ཚོགས་འདུར་ཞུགས་པ་རེད།   །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།