ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྐབས་གཉིས་པའི་ལུས་རྩལ་འགྲན་ཚོགས་ཀྱི་མགོ་ཚུགས་མཛད་སྒོ་པེ་ཅིན་དུ་བསྡུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྐབས་གཉིས་པའི་ལུས་རྩལ་འགྲན་ཚོགས་ཀྱི་མགོ་ཚུགས་མཛད་སྒོ་ཚེས20ཉིན་པེ་ཅིན་དུ་བསྡུས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་པའི་འཐུས་མི་ཁྲི1.2ལྷག་ཞུགས་ཡོད།

སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱིས“བདེ་ཐང་ངང་འབྱུང་འགྱུར་ལ་བྱས་རྗེས་འཇོག་པའི་དུས་རབས་གསར་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་ད་ལོའི་ཟླ4པ་ནས་བཟུང་ལུས་རྩལ་འགྲན་ཚོགས་ཀྱི་དུས་འགོའི་འགྲན་བསྡུར་སྐོར་ཞིག་རྗེས་གཉིས་མཐུད་ངང་སྤེལ་ཞིང་། འགྲན་བསྡུར་ནང་ཞུགས་པའི་བདམས་ཐོན་པས་དཔའ་ངར་ཆེན་པོས་སྔོན་ལ་བརྩོན་ལེན་བྱས་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པའི་ལས་བཟོ་བའི་བསམ་པའི་ཉམས་འགྱུར་བཟང་པོ་ལེགས་པོ་མངོན་ཡོད། སྡེ་ཚན་སོ་སོས་ལུས་རྩལ་འགྲན་ཚོགས་གོ་སྐབས་སུ་བྱས་ཏེ་དམངས་ཡོངས་ཀྱི་ལུས་སྦྱོང་གཏིང་ཟབ་སྤེལ་བར་སྐུལ་འདེད་ཆེན་པོ་བཏང་ནས། རྣམ་པ་ཕུན་སུམ་ཚོགས་པའི་མང་ཚོགས་རང་བཞིན་གྱི་ལུས་རྩལ་ལུས་སྦྱོང་བྱེད་སྒོ་ཧུར་ཐག་གིས་སྒྲིག་འཛུགས་བྱས་ཏེ། ཧུར་བརྩོན་ཡར་སྐྱེད་དང་མཐུན་སྒྲིལ་ཡར་བརྩོན་གྱི་ལས་ཁུངས་རྣམ་པ་ཞིག་བསྐྲུན་ཏེ། ལས་བྱེད་པ་དང་ལས་བཟོ་བར་སྤྲོ་སེམས་རབ་ཏུ་འཕེལ་བ་དང་གཟུགས་པོ་ཐང་པོས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་དུས་རབས་གསར་པ་བསྐྲུན་པར་སྐུལ་ལྕག་བྱས།

ལུས་རྩལ་འགྲན་ཚོགས་ཁྲོད་བསྡོམས་པས་སྤོ་ལོའི་རིགས་དང་མཆོང་རྒྱུག་འཕེན་གསུམ། ཆུ་རྐྱལ། མིག་མངས་ཀྱི་རིགས། དམངས་ཚོགས་ཀྱི་ལུས་རྩལ། འགྲན་སློང་རྒྱ་སྐྱེད། དགོད་བྲོ་བའི་ལུས་རྩལ་སོགས་རིགས་ཆེ་གྲས7གྱི་འགྲན་བསྡུར་རྣམ་གྲངས20བཙུགས་ཡོད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་ལས་པ་དང་ལས་བཟོ་བ་ཁྲི2ལྷག་ཙམ་གྱིས་འགྲན་བསྡུར་ཁྲོད་ཞུགས་པར་མིང་ཐོ་བཀོད་ཡོད་པ་རེད།  །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།