ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲོན་དབྱིན་གྱིས"རྒྱུད་གཅིག་ལམ་གཅིག"རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་ཟླ10པའི་ཚེས17ཉིན་ནས་ཚེས18ཉིན་བར་པེ་ཅིན་དུ་བསྡུ་རྒྱུ་ཡིན་ཞིང་། “སྤུས་ཚད་མཐོ་བས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་དང་། ལག་གདང་སྦྲེལ་ནས་ཐུན་མོང་ཕྱུག་འགྱུར་འཕེལ་རྒྱས་ཡོང་བ”བརྗོད་དོན་དུ་བྱས་ཡོད་ཅེས་བསྒྲགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཐོ་རིམ་གླེང་སྟེགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་རྒྱུ་ཡིན་པ་མ་ཟད། མཐོ་རིམ་གླེང་སྟེགས་ལ་ཞུགས་པར་ཕེབས་པའི་ཕྱི་རྒྱལ་གྱི་མགྲོན་པོར་གསོལ་སྟོན་བཤམས་ཏེ་འབྲེལ་འདྲིས་བྱེད་སྒོ་སྤེལ་རྒྱུ་རེད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།