ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་དང་མཱ་ཁི་ལུང་གི་གྲོས་མོལ་ནང་དོན་ཕྱིར་ཤོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2025-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས18ཉིན་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་དང་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལན་སི་ཅི། ཡོ་རོབ་གླིང་གི་མགོ་ཁྲིད་པ་མང་པོས་ཨ་རིའི་ཕོ་བྲང་དཀར་པོ་རུ་ཐུག་འཕྲད་བྱས། ཨ་རིའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱོགས་མང་པོའི་སྒོ་བརྒྱབ་སྟེ་ཐུག་འཕྲད་མ་བྱས་སྔོན་གྱི་ཐི་ལིང་ཕུའུ་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་བར་གྱི་སྐད་ཆ་དུམ་བུ་ཞིག་ཕྱིར་ཤོར་འདུག  སྐད་ཆ་དུམ་བུ་དེ་ལས་ཐི་ལིང་ཕུའུ་ཡིས་མཱ་ཁི་ལུང་ལ“ངའི་བསམ་པར་ཕུའུ་ཅིང་གིས་ང་ལ་གྲོས་མཐུན་འཇོག་འདོད་ཡོད་པ་ཁྱེད་ཀྱིས་ཤེས་སམ”ཞེས་དྲིས་འདུག

ཨ་རི་དང་ཡོ་རོབ་རྒྱལ་ཁབ་ཀྱི་སྨྱན་བྱད་མང་པོས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱོགས་མང་པོས་ཐུག་འཕྲད་བྱེད་པའི་སྐབས་སུ། ཐི་ལིང་ཕུའུ་ཡིས་གློ་བུར་དུ་གྲོས་བསྡུར་བྱེད་མཚམས་བཞག་ནས་ཕུའུ་ཅིང་ལ་ཁ་པར་བཏང་ཡོད་པ་རེད།

ཉིན་དེར་ཐི་ལིང་ཕུའུ་ཡིས་ཐུག་འཕྲད་རབ་དང་རིམ་པ་བྱས་རྗེས། ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་མགོ་ཁྲིད་པའི་ཐུག་འཕྲད་ལ་གྲ་སྒྲིག་བྱེད་རྩིས་ཡོད་པ་དང་། དེའི་རྗེས་སུ་ཨ་རི་དང་ཨུ་རུ་སུ། ཝུའུ་ཁི་ལན་བཅས་ཕྱོགས་གསུམ་གྱི་མགོ་ཁྲིད་པས་ཐུག་འཕྲད་བྱ་རྒྱུ་ཡིན་པར་བསྟན།  ཁོས་ཨུ་རུ་སུ་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་དམག་འཁྲུག་མཚམས་མ་བཞག་པའི་གནས་ཚུལ་འོག་ཞི་བདེའི་གྲོས་མོལ་བྱས་ཆོག“ཕྱོགས་གཅིག་ནས་འཐབ་འཁྲུག་རྒྱག་ཞོར་དང་ཕྱོགས་གཅིག་ནས་གྲོས་མོལ་བྱས་ཆོག”པ་ནན་བཤད་བྱས། ཉིན་དེར་ཨུ་རུ་སུ་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་ད་དུང་མུ་མཐུད་དུ་དམག་འཁྲུག་རྒྱག་བཞིན་ཡོད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།