ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཨུ་རུ་སུའི་དམག་དཔུང་གི་འཕུར་མདེལ་དང་མི་མེད་གནམ་གྲུས་ཝུའུ་ཁི་ལན་ལ་འཇབ་རྒོལ་བྱས་ཟེར།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2025-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས16ཉིན་ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཨུ་རུ་སུ་ཕྱོགས་ཀྱིས་ཚེས15ཉིན་གྱི་མཚན་མོ་ནས་ཚེས16ཉིན་གྱི་ཐོ་རེངས་བར།ཝུའུ་ཁི་ལན་ལ་མདེལ་ལམ་འཕུར་མདེལ་གཅིག་དང་ཕར་རྒོལ་རྣམ་པའི་མི་མེད་གནམ་གྲུ85འཕེན་གཏོང་བྱས་ཟེར།

ཝུའུ་ཁི་ལན་གྱི་མཁའ་དམག་གིས་སྨྱན་བྱད་ལས་གསལ་བསྒྲགས་སྤེལ་ནས།ཨུ་རུ་སུའི་དམག་དཔུང་གིས་སུའུ་མེ་དང་ཏུན་ཉེ་སི་ཁི།ཆེར་ཉི་ཀེ་ཧྥུའུ།ཏི་ཉེ་པོ་ལུའོ་པིས་ཏི་ལུའོ་ཧྥུའུ་སི་ཁི་སོགས་གཡུལ་སར་འཇབ་རྒོལ་བྱས་པར་བཤད།ཝུའུ་ཁི་ལན་གྱི་དམག་དཔུང་གི་མཁའ་ཟོན་མ་ལག་གིས་མི་མེད་གནམ་གྲུ61གཏོར་ཡོད།

གཞན་ཡང་ཚེས16ཉིན་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་སྤེལ་བའི་གསལ་བསྒྲགས་ལྟར་ན།འདས་པའི་དུས་ཚོད24རིང་།ཝུའུ་ཁི་ལན་དང་ཨུ་རུ་སུ་ཕྱོགས་གཉིས་ཀྱི་བར་ས་ངོས་དམག་འཐབ་ཐེངས139བྱུང་ཡོད།

ཨུ་རུ་སུ་ཕྱོགས་ཀྱིས་དམག་འཁྲུག་གི་གནས་ཚུལ་གསར་པ་བརྡ་ཁྱབ་སྤེལ་མེད། ཝུའུ་ཁི་ལན་ཕྱོགས་ཀྱིས་བརྡ་ཁྱབ་གསར་པ་ཁྱབ་བསྒྲགས་མ་བྱས་སྔོན་གྱི་དུས་ཚོད་འགའི་སྔོན་དུ།ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་དང་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་གཉིས་ཨ་རིའི་ཨ་ལ་སི་ཅ་མངའ་སྡེའི་ཨན་ཁེ་ལེ་ཆི་རུ་ཐུག་འཕྲད་བྱས།

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།