ཀྲུང་གོ་བོད་ཀྱི་དྲ་བ།

ཕོར་ཐིའུ་ཀལ་བྱང་རྒྱུད་ཀྱི་རྒན་གསོ་ཁང་ཞིག་ཏུ་མེ་སྐྱོན་བྱུང་ནས་མི6རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2025-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས16ཉིན་གྱི་ཞོགས་པར་ཕོར་ཐིའུ་ཀལ་བྱང་རྒྱུད་ཀྱི་སྨི་ལན་ཏེ་ལ་གྲོང་ཁྱེར་གྱི་རྒན་གསོ་ཁང་ཞིག་ཏུ་མེ་སྐྱོན་བྱུང་ནས་མི6རྐྱེན་ལམ་དུ་ཤོར་བ་དང་མི20ལྷག་ཙམ་ལ་རྨས་ཕོག་ཡོད། རྐྱེན་ལམ་དུ་ཤོར་བ་ཚང་མ་རྒན་གསོ་ཁང་དེའི་རྒན་རྒོན་དག་རེད།

ཕོར་ཐིའུ་ཀལ་གྱི་ལུའུ་ས་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།རྒན་གསོ་ཁང་གི་འགན་འཁུར་བ་ཨ་ཏི་ལིས་ཐུའོ·ཀེ་མེ་སི་ཡིས་བཤད་རྒྱུར།མེ་སྐྱོན་དེ་ནི་ཉལ་རྨ་འགོག་པའི་ཉལ་གདན་ཞིག་ལས་བྱུང་ཞིང་། ཁང་པ་དེའི་ནང་དུ་རྒན་རྒོན3ཡོད་པ་ཚང་མ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གསུམ་གྱིས་དུ་བ་གར་པོ་རྔུབ་པས་དབུགས་ལམ་ལ་གནད་དོན་བྱུང་ནས་རྐྱེན་ལམ་དུ་ཤོར།མེ་སྐྱོན་ཉེན་བརྡ་གཏོང་བའི་དུས་ཚོད་ནི་ཚེས16ཉིན་གྱི་ཞོགས་པའི་དུས་ཚོད5ཡི་ཡས་མས་ཤིག་རེད་ཟེར།

དོན་རྐྱེན་བྱུང་བའི་རྒན་གསོ་ཁང་དུ་རྒན་རྒོན90ཙམ་བསྡད་ཡོད་པ་དང་།དེའི་ནང་གི་རྨས་མ་ཁག་ཅིག་མིས་ལན་ཏེ་ལ་དང་ཉེ་འགྲམ་གྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།