ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན་དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་པ་སི·ཨ་ལ་ཀེ་ཆི་ཡིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་མཐོ་རིམ་དཔོན་རིགས་ཀྱིས་ཚེས11ཉིན་དབྱི་ལིང་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པར་བསྟན།
ཨ་ལ་ཀེ་ཆི་ཡིས་ཉིན་དེར་སྨྱན་བྱད་ལ་དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་གྱི་གྲོས་མོལ་དེས"མཉམ་ལས་སྒྲོམ་གཞི་གསར་པ་ཞིག་ལ་དམིགས་བཞིན་ཡོད།" སྒྲོམ་གཞི་གསར་པར་གྲོས་མཐུན་མ་བཞག་གོང་ཕྱོགས་གཉིས་ཀྱི་མཉམ་ལས་འགོ་རྩོམ་མི་སྲིད། མཐོ་རིམ་དཔོན་རིགས་འཚམས་འདྲིར་ཡོང་བའི་སྐབས་སུ། ཁོ་ཚོས་ཉིང་རྡུལ་སྒྲིག་ཆས་ལ་ཞིབ་བཤེར་དང་འདྲི་རྟོགས་བྱེད་པར་བཀོད་སྒྲིག་བྱེད་རྒྱུ་མིན་ཟེར།
ཨ་ལ་ཀེ་ཆི་ཡིས་བསྟན་དོན། དབྱི་ལིང་དང་ཡོ་རོབ་བར་དུ་ཉིང་རྡུལ་གནད་དོན་ཐད་སྔར་བཞིན་མུ་མཐུད་དུ་འབྲེལ་གཏུག་བྱེད་བཞིན་ཡོད་མོད། འོན་ཀྱང་སྐོར་ཐེངས་རྗེས་མའི་གྲོས་མོལ་གྱི་དུས་ཚོད་ད་དུང་གཏན་འཁེལ་བྱས་མེད།
འཚམས་འདྲི་དེ་ནི་ཟླ6པར་དབྱི་ལིང་གིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་གྱི་མཉམ་ལས་གནས་སྐབས་སུ་མཚམས་བཞག་རྗེས་སྒྲིག་གཞི་དེའི་མཐོ་རིམ་དཔོན་རིགས་འཚམས་འདྲིར་ཕེབས་ཐེངས་དང་པོ་དེ་རེད།
ཟླ6པའི་ཚེས13ཉིན་གྱི་ཐོ་རེངས་དུས་སུ། དབྱི་སི་རལ་གྱིས་དབྱི་ལིང་ལ་གཞི་ཁྱོན་ཆེ་བའི་མཁའ་རྒོལ་བྱས་རྗེས། དབྱི་སི་རལ་དང་དབྱི་ལིང་གིས་ཕན་ཚུན་ལ་ཐེངས་མང་པོར་འཇབ་རྒོལ་བྱས། ཨ་རིས་ཨ་རིའི་ཤར་ཕྱོགས་ཀྱི་དུས་ཚོད་ཟླ6པའི་ཚེས21ཉིན་དབྱི་ལིང་གི་ཉིང་རྡུལ་སྒྲིག་ཆས་གསུམ་ལ་མཁའ་རྒོལ་བྱས་པ་དང་། ཟླ6པའི་ཚེས23ཉིན་དབྱི་ལིང་གིས་ཁ་ཐར་དུ་སྡོད་པའི་ཨ་རིའི་ཝུའུ་ཏའེ་ཏེ་མཁའ་དམག་རྟེན་གཞིར་འཕུར་མདེལ་གྱིས་འཇབ་རྒོལ་བྱས། ཟླ6པའི་ཚེས24ཉིན་ཨ་རི་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་དུས་ཚོད་རེའུ་མིག་གཞིར་བཟུང་ན། དབྱི་སི་རལ་དང་དབྱི་རག་གིས་དམག་འཁྲུག་མཚམས་འཇོག་རྒྱུ་རེད། ཟླ6པའི་ཚེས25ཉིན་དབྱི་ལིང་གྲོས་ཁང་གིས་ཁྲིམས་གཞིར་གྲོས་འཆམ་བྱས་ནས་དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་གྱི་མཉམ་ལས་གནས་སྐབས་སུ་མཚམས་འཇོག་རྒྱུའི་ཐག་བཅད། །