ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁུ་ལན་གྲོས་ཚོགས་ཀྱིས་ཡང་བསྐྱར་ཝུའུ་ཁུ་ལན་རྒྱལ་ཁབ་ཀྱི་དམག་འཁྲུག་གནས་བབ་དང་དམག་དོན་སྐུལ་སློང་བྱེད་པའི་དུས་ཡུན་ཉིན90ཇེ་རིང་དུ་གཏོང་བར་ཆོག་མཆན་ཐོབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁུ་ལན་གྱི་གྲོས་མི་ཡཱ་ལའོ་སི་ལཱ་ཧྥུའུ·རེ་ལའེ་ཚི་ཉི་ཡ་ཁེ་ཡིས་ཚེས8ཉིན་སྤྱི་འབྲེལ་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ཏེ། ཝུའུ་ཁུ་ལན་ཆེས་མཐོའི་ལཱ་ཏ(གྲོས་ཚོགས)ཡིས་ཉིན་དེར་ཡང་བསྐྱར་ཝུའུ་ཁུ་ལན་རྒྱལ་ཁབ་ཀྱི་དམག་འཁྲུག་གནས་བབ་དང་དམག་དོན་སྐུལ་སློང་བྱེད་པའི་དུས་ཡུན་ཉིན90ཇེ་རིང་དུ་གཏོང་བའི་ཙུང་ཐུང་བཀའ་རྒྱའི་འཆར་ཟིན་སྟེང་ཆོག་མཆན་བཀོད་ཡོད་པར་བཤད། 

འཆར་ཟིན་ལྟར་ན། ཝུའུ་ཁུ་ལན་རྒྱལ་ཁབ་ཀྱི་དམག་འཁྲུག་གནས་བབ་དང་དམག་དོན་སྐུལ་སློང་བྱེད་པའི་དུས་ཡུན་ཟླ5པའི་ཚེས14ཉིན་ནས་ཟླ8པའི་ཚེས11ཉིན་བར་ཇེ་རིང་དུ་བཏང་བ་རེད། 

རེ་ལའེ་ཚི་ཉི་ཡ་ཁེ་ཡིས། ཝུའུ་ཁུ་ལན་ཆེས་མཐོའི་ལཱ་ཏ་ཡིས་ཉིན་དེར་རྒྱལ་ཁབ་ཀྱི་དམག་འཁྲུག་གནས་བབ་དང་དམག་དོན་སྐུལ་སློང་བྱེད་པའི་ཙུང་ཐུང་བཀའ་རྒྱའི་འཆར་ཟིན་བསྐྱར་དུ་ཇེ་རིང་དུ་གཏོང་རྒྱུའི་ཐད་ལ་ཆོག་མཆན་ཐོབ། འདི་ནི2022ལོའི་ཟླ2པར་ཨུ་རུ་སུ་དང་ཝུའུ་ཁུ་ལན་བར་འགལ་འདུ་བྱུང་བའི་ཚུན་དུ། ཝུའུ་ཁུ་ལན་གྱི་ཆེས་མཐོའི་ལཱ་ཏ་སྟེང་བཀའ་རྒྱ་ཇེ་རིང་དུ་གཏོང་ཐེངས11པ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།