ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཀེན་ཐིན་དུ་པུ་སའོ10000ཅན་གྱི་ཤོག་སྒོར་བེད་སྤྱོད་བྱེད་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཀེན་ཐིན་ཀྲུང་དབྱང་དངུལ་ཁང་གིས་ཚེས7ཉིན་ཁྱབ་བསྒྲགས་བྱས་དོན། པུ་སའོ10000(ཨ་སྒོར1ཕལ་ཆེར་པུ་སའོ880)ཅན་གྱི་ཤོག་སྒོར་ཉིན་དེ་ནས་བཟུང་བེད་སྤྱོད་བྱེད་མགོ་བརྩམས་ཤིང་། འདི་ནི་མིག་སྔར་ཨ་ཀེན་ཐིན་དུ་བེད་སྤྱོད་བྱེད་བཞིན་པའི་ཤོག་སྒོར་ཆེས་མཐོ་ཤས་དེ་ཡིན།

ཨ་ཀེན་ཐིན་ཀྲུང་དབྱང་དངུལ་ཁང་གིས་བསྟན་དོན། པུ་སའོ10000ཅན་གྱི་ཤོག་སྒོར་བེད་སྤྱོད་བྱེད་མགོ་བརྩམས་པ་དེས་དངུལ་སྨར་ཉོ་ཚོང་ཐད་སྟབས་བདེ་སྐྲུན་ལ། སྔར་ལས་བེད་སྤྱོད་འཁོར་རྒྱུགས་ཀྱི་མ་གནས་ཇེ་དམའ་རུ་བཏང་བ་རེད། དེ་ལས་གཞན། པུ་སའོ20000ཅན་གྱི་ཤོག་སྒོར་ད་ལོའི་དུས་ཚིགས་བཞི་བ་སྐབས་བེད་སྤྱོད་བྱ་འཆར་ཡོད། 

ཨ་ཀིན་ཐིན་རྒྱལ་ཁབ་བསྡོམས་རྩིས་དང་མི་འབོར་ཞིབ་བཤེར་ཞིབ་འཇུག་སའོ་ཡིས་ཟླ4པའི་ཚེས12ཉིན་བསྒྲགས་པའི་སྙན་ཞུ་ལྟར་ན། ད་ལོའི་ཟླ3པར་ཨ་ཀིན་ཐིན་གྱི་དངུལ་ལོར་འགྲེམས་ཐལ་ཤོར་ཚད11%ཡིན་པ་དང་། འདས་པའི་ཟླ12རིང་རིམ་བསགས་བྱས་པའི་འགྲེམས་ཐལ་ཤོར་ཚད287.9%སླེབས་འདུག་ལ། ད་ལོའི་ཚུན་གྱི་འགྲེམས་ཐལ་ཤོར་ཚད51.6%ཡིན། ཨ་ཀིན་ཐིན་དངུལ་ཁང་གིས་ཟླ4པར་བསྒྲགས་པའི་ཁྲོམ་རའི་སྔོན་དཔག་བརྟག་དཔྱད་སྙན་ཞུའི་ནང་སྔོན་དཔག་བྱས་ན2024ལོར་རྒྱལ་ཁབ་དེའི་དངུལ་ལོར་འགྲེམས་ཐལ་ཤོར་ཚད203.8%ཟིན་རྒྱུ་ཡིན་པ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།