ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུ་དཀར་པོས་འཐབ་ཇུས་མ་ཡིན་པའི་ཉིང་རྡུལ་མཚོན་ཆ་ལ་འཕྲལ་རྒོལ་ཞིབ་བཤེར་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུ་དཀར་པོ་རྒྱལ་སྲུང་པུའུ་ཡི་གསར་འགྱུར་སྡེ་ཁག་གིས་ཚེས7ཉིན་སྤེལ་བའི་བརྡ་ཁྱབ་ནང་། ཙུང་ཐུང་གི་བཀའ་རྒྱ་ལྟར། དམག་ཕྱོགས་ཀྱིས་འཐབ་ཇུས་མ་ཡིན་པའི་ཉིང་རྡུལ་མཚོན་ཆ་ལ་འཕྲལ་རྒོལ་ཞིབ་བཤེར་བྱས་པར་བཤད།

ཨུ་རུ་སུ་དཀར་པོའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཧི་ལའེ་ཉིང་གིས་སྨྱན་བྱད་ལ། དམག་ཕྱོགས་ཀྱིས་འཐབ་ཇུས་མ་ཡིན་པའི་ཉིང་རྡུལ་མཚོན་ཆ་དང་སྒྲིག་ཆས་ལ་འཕྲལ་རྒོལ་ཞིབ་བཤེར་བྱས་ཤིང་།“དབྱི་སི་ཁན་ཏི་ཨར”རྟགས་ཅན་གྱི་འཕུར་མདའི་མ་ལག་དང་སུའུ-25རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གཉིས་ལས་འགན་ལག་བསྟར་གྱི་གྲས་སུ་བཞག་ཚུལ་བཤད།

ཨུ་རུ་སུ་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་གྱི་ཉིན་དེའི་དགོང་མོར། ཐེངས་འདིའི་ཞིབ་བཤེར་ནི་འགོག་སྲུང་རང་བཞིན་གྱི་ཞིབ་བཤེར་ཐེངས་གཅིག་ཡིན་ཚུལ་བཤད། ཁོས་ད་དུང་།“མཚོན་ཆ་འདི་རིགས་ནི་འཇིགས་སྐུལ་རང་བཞིན་གྱི་མཚོན་ཆ་ཡིན་པ་མ་ཟད་འགོག་སྲུང་རང་བཞིན་གྱི་མཚོན་ཆ་ཞིག་ཀྱང་རེད”ཅེས་བཤད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།