ཀྲུང་གོ་བོད་ཀྱི་དྲ་བ།

སི་ཝུན་ཉི་ལ་སུའུ་གེ་ལན་ས་གནས་སྲིད་གཞུང་གི་དབུ་བཞུགས་བློན་ཆེན་གྱི་འགན་བཞེས་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་སུའུ་གེ་ལན་ས་གནས་གྲོས་ཚོགས་ཀྱིས་ཚེས7ཉིན་འདེམས་ཤོག་འཕངས་པ་ལྟར་ན། སུའུ་གེ་ལན་མི་རིགས་ཏང་གི་གཙོ་འཛིན་ཡུའེ་ཧན·སི་ཝུན་ཉི་ལ་སུའུ་གེ་ལན་ས་གནས་སྲིད་གཞུང་གི་དབུ་བཞུགས་བློན་ཆེན་གྱི་འགན་བཞེས་རྒྱུ་རེད།

ཐེངས་འདིའི་འདེམས་ཤོག་འཕངས་འབྲས་ལ་དབྱིན་ཇིའི་རྒྱལ་པོས་དངོས་སུ་ཆོག་མཆན་ཐོབ་རྗེས་ད་གཟོད་སི་ཝུན་ཉི་ཡིས་འགན་བཞེས་དམ་བཅའ་འཇོག་ཆོག་པ་རེད། 

སི་ཝུན་ཉི་ཡིས་ཚེས6ཉིན་སུའུ་གེ་ལན་མི་རིགས་ཏང་གི་གཙོ་འཛིན་རུ་བསྐོས་ཤིང་། ཟླ4པའི་ཚེས29ཉིན་ལས་འགན་དགོངས་ཞུ་ཞུས་པའི་ཧུའུ་མུའུ་ཀྲ·ཡིག་སུའུ་ཧྥུའུ་ཡི་ལས་འགན་ཚབ་འཁུར་གནང་རྒྱུ་རེད། 

ཡིག་སུའུ་ཧྥུའུ་ཡིས་ཟླ4པའི་ཚེས25ཉིན་སུའུ་གེ་ལན་མི་རིགས་ཏང་དང་སུའུ་གེ་ལན་ལྗང་མདོག་ཏང་གཉིས་ཀྱི་མཉམ་འབྲེལ་སྲིད་སྐྱོང་གྲོས་ཡིག་ལག་བསྟར་བྱེད་མཚམས་བཞག་པར་ལྗང་མདོག་ཏང་གིས་དེར་ཡིད་མ་ཚིམ་པར་གྱུར། དེ་ནས་ཟླ4པའི་ཚེས29ཉིན་ཡིག་སུའུ་ཧྥུའུ་ཡིས་སུའུ་གེ་ལན་ས་གནས་སྲིད་གཞུང་གི་དབུ་བཞུགས་བློན་ཆེན་དང་སུའུ་གེ་ལན་མི་རིགས་ཏང་གི་གཙོ་འཛིན་གྱི་ལས་གནས་དགོངས་ཞུ་ཞུས་པ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།