ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡིས་ཀྲུང་གོས་མུའུ་ལི་ནའོ་ཕ་ན་མའི་ཙུང་ཐུང་གསར་བར་བདམས་པར་བཀྲ་ཤིས་རྟེན་འབྲེལ་ཞུས་ཚུལ་བརྗོད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ལིན་ཅན་གྱིས་ཚེས7ཉིན་གྱི་འཆར་ཅན་གསར་འགོད་པའི་ཚོགས་འདུའི་སྟེང་དྲི་བར་ལན་འདེབས་སྐབས། ཀྲུང་གོས་ཧི་སའེ·ལའོ་ཨར·མུའུ་ལི་ནའོ་ཕ་ན་མའི་ཙུང་ཐུང་གསར་བར་བདམས་པར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་མ་ཟད། ཕ་ན་མ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱ་རྩིས་ཡོད་ཚུལ་བསྟན། 

གསར་འགྱུར་ལྟར་ན། ཕ་ན་མའི་འདེམས་བསྐོ་ཁྲིམས་ཁང་གིས་ཚེས5ཉིན་གྱི་དགོང་མོར་བསྒྲགས་པའི་ཐོག་མའི་འདེམས་ཤོག་འཕངས་འབྲས་ལས་མངོན་པ་ལྟར་ན། མངོན་འགྱུར་དམིགས་འབེན་ཏང་དང་མནའ་འབྲེལ་ཏང་གཉིས་ཀྱི་འདེམས་བསྐོ་འོས་མི་མུའུ་ལི་ནའོ་ལ་ཉིན་དེར་སྤེལ་བའི་ཙུང་ཐུང་འདེམས་བསྐོ་ཁྲོད་རྒྱལ་ཁ་ཐོབ་པ་རེད། 

“ཕ་ན་མའི་འདེམས་བསྐོ་ཁྲིམས་ཁང་གིས་སྐུ་ཞབས་མུའུ་ལི་ནའོ་ཕ་ན་མའི་ཙུང་ཐུང་གསར་བར་བདམས་པ་ཁྱབ་བསྒྲགས་བྱས་ཤིང་། ཁོང་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་རེད”ལིན་ཅན་གྱིས་དེ་ལྟར་བཤད། 

ལིན་ཅན་གྱིས། ཀྲུང་གོས་ཕ་ན་མ་བར་གྱི་འབྲེལ་བར་མཐོ་ཚད་ནས་མཐོང་ཆེན་བྱེད་བཞིན་ཡོད་པ་མ་ཟད། ཕ་ན་མ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཆབ་སྲིད་ཀྱི་ཡིད་ཆེས་ལ་སྐུལ་འདེད་དང་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཅས་བྱ་འདོད་ཡོད་ཚུལ་བསྟན། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།