ཀྲུང་གོ་བོད་ཀྱི་དྲ་བ།

ཧ་མ་སིའི་དྲག་ཆས་དམག་དཔུང་གིས་དབྱི་སི་ལེ་ལྷོ་ཕྱོགས་ཀྱི་དམག་དོན་རྟེན་གཞི་ཞིག་ལ་འཕུར་མདས་འཇབ་རྒོལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་དབྱི་སི་ལན་ངོ་རྒོལ་ལས་འགུལ(ཧ་མ་སི)མངའ་འོག་གི་ཁཱ་སང་དྲག་ཆས་དམག་དཔུང་གིས་ཚེས5ཉིན་བསྒྲགས་པའི་གསལ་བསྒྲགས་ལྟར་ན། དྲག་ཆས་མི་སྣས་ཉིན་དེར་དབྱི་སི་ལེ་ལྷོ་ཕྱོགས་ཀྱི་ཁའེ་ལའེ་མུའུ་ཧྲ་ལའོ་མུའུ་མཚོ་ཁའི་ཉེ་འགྲམ་གྱི་དམག་དོན་རྟེན་གཞི་ཞིག་ལ་འཕུར་མདས་འཇབ་རྒོལ་བྱས། 

ཕ་ལེ་སི་ཐན་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཁཱ་སང་དམག་དཔུང་གི་འཇབ་རྒོལ་དམིགས་འབེན་ནི་དབྱི་སི་རལ་དམག་དཔུང་གིས་ཉེ་ཆར་ཁའེ་ལའེ་མུའུ་ཧྲ་ལའོ་མུའུ་མཚོ་ཁའི་ཉེ་འགྲམ་དུ་བཙུགས་པའི་དམག་དོན་བཀོད་འདོམས་པུའུ་ཡིན་པར་བཤད། 

དབྱི་སི་རལ་སྨྱན་བྱད་མང་པོས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉུང་མཐར་ཡང་དབྱི་སི་རལ་དམག་མི10ལ་རྨས་སྐྱོན་ཐེབས་ཡོད། 

དབྱི་སི་རལ་དམག་དཔུང་གི་གསར་འགྱུར་མགྲིན་ཚབ་པ་ཨ་ཝའེ་ཁེ· ཨ་ཏི་ལ་དབྱི་ཡིས་ཚེས5ཉིན་སྤྱི་འབྲེལ་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ཏེ། ཁའེ་ལའེ་མུའུ་ཧྲ་ལའོ་མུའུ་མཚོ་ཁ་སྒོ་བརྒྱག་རྒྱུའི་ཁྱབ་བསྒྲགས་བྱས། ཁོས་ཅ་ཧྲ་ས་ཁུལ་གྱི་ལྷོ་ཕྱོགས་གྲོང་ཁྱེར་ལཱ་ཧྥ་ནས་ཁའེ་ལའེ་མུའུ་ཧྲ་ལའོ་མུའུ་མཚོ་ཁ་ལ་མེ་ཤུགས་འཕུར་མདའ10ལྷག་འཕངས་བར་བཤད། དབྱི་སི་རལ་སྤྱི་བའི་རྒྱང་བསྒྲགས་ཀུང་སིས། དབྱི་སི་རལ་དམག་དཔུང་གི་གྱེན་འཕུར་གནམ་གྲུ་ཡུལ་དངོས་སུ་འབྱོར་ཏེ་རྨས་མ་དབོར་འདྲེན་བྱེད་བཞིན་ཡོད་པར་བཤད།  །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།