ཀྲུང་གོ་བོད་ཀྱི་དྲ་བ།

ཏའོ་སྨི་ནི་ཁིའི་ཙུང་ཐུང་གིས་ཀྲུང་གོ་ནི་བློ་གཏད་རུང་བའི་གྲོགས་པོ་རྣལ་མ་ཡིན་ཟེར།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2024-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏའོ་སྨི་ནི་ཁིའི་ཙུང་ཐུང་པའོ་ཏོན་གྱིས་ཚེས་གསུམ་ཉིན་བསྟན་དོན། ཀྲུང་གོ་ནི་ཏའོ་སྨི་ནི་ཁིའི་ཆེས་བློ་གཏད་རུང་བའི་གྲོགས་པོ་རྣལ་མ་ཡིན་ཟེར།

པའོ་ཏོན་གྱིས་ཉིན་དེར་ཏའོ་སྨི་ནི་ཁིའི་རྒྱལ་ས་ལོ་སོ་ནས་ཏའོ་སྨི་ནི་ཁི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲུའུ་མའོ་མེན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བསྟན་དོན། ཏའོ་སྨི་ནི་ཁི་ཡིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་པ་དང་། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱས་ནས་ལག་རྡང་སྦྲེལ་ཏེ་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་འདོད་ཡོད་ཟེར།

ཁྲུའུ་མའོ་མེན་གྱིས་བཤད་རྒྱུར། ཏའོ་སྨི་ནི་ཁི་ནི་ཀྲུང་གོའི་ཅཱ་ལེ་པུས་ས་ཁུལ་གྱི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་ཞིང་། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུགས་ཁུར་དང་སྐུལ་འདེད་འོག ཀྲུང་གོ་དང་ཏའོ་སྨི་ནི་ཁིའི་ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་བ་དང་། དངོས་གཉེར་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། རྒྱལ་སྤྱིའི་ལས་དོན་ཁྲོད་ཕན་ཚུན་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏའོ་སྨི་ནི་ཁི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །


 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།