ཀྲུང་གོ་བོད་ཀྱི་དྲ་བ།

ཅི་ཨར་ཅི་སི་སི་ཐན་གྱི་ཙུང་ལི་གཞོན་པས་ཀྲུང་གོས་དུས་ཡུན་རིང་པོར་ཅི་ཨར་ཅི་སི་སི་ཐན་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས26ཉིན། ཅི་ཨར་ཅི་སི་སི་ཐན་གྱི་ཙུང་ལི་གཞོན་པ་པའེ་ས་ལུའོ་ཧྥུའུ་ཡིས་རྒྱལ་ས་པི་ཧྲི་ཁའེ་ཁེ་རུ། ཀྲུང་གོས་དུས་ཡུན་རིང་པོར་ཅི་ཨར་ཅི་སི་སི་ཐན་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་ཅི་ཨར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་བར་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་མུ་མཐུད་དུ་གཏིང་ཇེ་ཟབ་ཏུ་གཏོང་རྒྱུ་མ་ཟད། ཅི་ཨར་ཅི་སི་སི་ཐན་དང་ཀྲུང་གོ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཉིན་དེར། ཅི་ཨར་ཅི་སི་སི་ཐན་གྱི་སྙིང་ནད་བྱིས་པ་སྐོར་ཞིག་ཀྲུང་གོ་རུ་རིན་མེད་སྒོས་གཤེགས་བཅོས་སྨན་གསོ་བྱས་ཏེ་ཕྱིར་ཅི་ཨར་ཅི་སི་སི་ཐན་དུ་སླེབས་པའི་མཛད་སྒོ་པི་ཧྲི་ཁའེ་ཁེ་རུ་བསྡུས་ཤིང་། པའེ་ས་ལུའོ་ཧྥུའུ་དང་ཅི་ཨར་ཅི་སི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཏུའུ་ཏི་ཝུན་གཉིས་མཛད་སྒོར་ཞུགས། 

ཏུའུ་ཏི་ཝུན་གྱིས། ལས་གཞི་འདིས་ཀྲུང་གོ་མི་དམངས་ཀྱིས་ཅི་ཨར་ཅི་སི་སི་ཐན་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དེ་མཚོན་ལ། མིག་སྔར་ཀྲུང་གོ་དང་ཅི་ཨར་ཅི་སི་སི་ཐན་བར་གྱི་འབྲེལ་བ་ལོ་རྒྱུས་ཀྱི་ཆེས་བཟང་ཤོས་སུ་སླེབས་ཡོད། ཕྱོགས་གཉིས་ཀྱིས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དང་། སྨན་བཅོས་དང་འཕྲོད་བསྟེན་ཁྱབ་ཁོངས་སུ་མཉམ་ལས་བྱས་པར་གྲུབ་འབྲས་ཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅི་ཨར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཅི་ཨར་ཅི་སི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།

རྒྱུས་ལོན་པ་ལྟར་ན། ཅི་ཨར་ཅི་སི་སི་ཐན་གྱི་སྙིང་ནད་ཕོག་པའི་བྱིས་པ10ཀྲུང་གོར་ཡོང་ནས་རིན་མེད་སྒོས་གཤེགས་བཅོས་བྱེད་པའི་ལས་གཞི་འདི་ནི་ཅི་ཨར་ཅི་སི་སི་ཐན་ཙུང་ཐུང་གི་ལྕམ་མོ་ཐེབས་རྩ་ཚོགས་པ་དང་ཀྲུང་གོའི་ཧི་ནན་ཞིང་ཆེན་བྲང་ཁག་སྨན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པ་ཞིག་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།