ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡའི་ཀྲོ་ཝ་ལྷོ་མའི་ཞིང་ཆེན་དུ་ས་ཡོམ་རིམ་པ6.5ཅན་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས27ཉིན། ཧིན་རྡུ་ཉི་ཞི་ཡའི་ཀྲོ་ཝ་ལྷོ་མའི་ཞིང་ཆེན་ལྷོ་ཕྱོགས་ཀྱི་མཚོ་ཁོངས་སུ་ས་ཡོམ་རིམ་པ6.5ཅན་བྱུང་ཞིང་། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་པའི་གནས་ཚུལ་འབྱོར་མེད་པ་རེད། 

ཧྲིན་རྡུ་ཉི་ཞི་ཡའི་གནམ་གཤིས་དང་སའི་གོ་ལའི་དངོས་ལུགས་ཅུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་ས་ཡོམ་ནི་ས་དེའི་དུས་ཚོད་ཚེས27ཉིན་གྱི་ཆུ་ཚོད23དང་སྐར་མ29(པེ་ཅིན་གྱི་དུས་ཚོད་ཚེས28ཉིན་གྱི་ཆུ་ཚོད་ཐིག་ལེ་དང་སྐར་མ29)སྟེང་བྱུང་ཞིང་། ཡོམ་ལྟེ་ནི་ཞི་ཀྲོ་ཝ་ཞིང་ཆེན་ཅ་ལུའུ་ཐེ་རྫོང་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ151མཚམས་ཀྱི་མཚོ་ཁོངས་སུ་བྱུང་ཞིང་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ10ཡིན་པ་རེད། ལས་ཁུངས་དེས་ཐེངས་འདིའི་ས་ཡོམ་ལས་མཚོ་ཡོམ་འབྱུང་སྲིད་པའི་སྔོན་བརྡ་བརྒྱབ་མེད་པ་རེད། 

ཧིན་རྡུ་ཉི་ཞི་ཡའི་ཞིའི་རྒྱལ་ས་ཡ་ཅ་ཏ་དང་ཝན་ཏན་ཞིང་ཆེན། ཀྲོ་ཝ་དབུས་མའི་ཞིང་ཆེན། ཀྲོ་ཝ་ཤར་མའི་ཞིང་ཆེན་སོགས་ལའང་ཡོམ་ཚོར་བྱུང་བ་རེད། 

ཧིན་རྡུ་ཉི་ཞི་ཡའི་ཞི་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཡོམ་རྒྱུད་དུ་གནས་ཤིང་། ལོ་རེར་ས་ཡོམ་ཆེ་ཆུང་ཐེངས་སྟོང་ལྷག་བྱུང་དང་བྱུང་མུས་ཡོད་པ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།