ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་ཨ་ལ་སི་ཅ་མངའ་སྡེ་རུ་གནམ་གྲུ་ཞིག་མར་ལྷུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཨ་ལ་སི་ཅ་མངའ་སྡེའི་ཧྥེ་ཨར་པན་ཁུ་སི་རྒྱལ་སྤྱིའི་གནམ་གྲུ་ཐང་གིས་ཚེས23ཉིན་གསལ་བསྒྲགས་སྤེལ་དོན། ཏའོ་གེ་ལ་སིDC-4རྟགས་ཅན་གྱི་གནམ་གྲུ་ཞིག་ཉིན་དེའི་སྔ་དྲོར་ཧྥེ་ཨར་པན་ཁུ་སི་གྲོང་ཁྱེར་ཉེ་འགྲམ་གྱི་གཙང་བོ་ཞིག་གི་སྟེང་མར་ལྷུང་། 

ཨ་ལ་སི་ཅ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱིས། ཐོག་མའི་རྟོག་ཞིབ་ལྟར་ན། གནམ་གྲུ་དེ་ནི་ས་དེའི་ཆུ་ཚོད9དང་སྐར་མ55སྟེང་ཧྥེ་ཨར་པན་ཁུ་སི་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་འཕུར་མ་ཐག་མར་ལྷུང་ཞིང་། གནམ་གྲུ་སྟེང་མི་གཉིས་ཡོད་པར་བཤད།

རྒྱུས་ལོན་བྱུང་བ་ལྟར་ན། ཏའོ་གེ་ལ་སིDC-4རྟགས་ཅན་གྱི་གནམ་གྲུ་དེ་ནི་འཛམ་གླིང་འཁྲུགས་ཆེན་ཐེངས་གཉིས་པའི་སྐབས་བེད་སྤྱོད་རྒྱ་ཁྱབ་བྱས་ལ། དམག་འཁྲུགས་མཇུག་རྫོགས་རྗེས་དམངས་སྤྱོད་གནམ་གྲུ་རུ་བསྒྱུར་ཞིང་། ད་སྐབས་དངོས་ཟོག་དབོར་འདྲེན་གནམ་གྲུ་རུ་བསྒྱུར། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།