ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་དབྱི་ཝན་ནའོ་ཧྥུའུ་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་སྟབས་བཀག་ཉར་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཚེས23ཉིན་གྱིི་དགོང་མོར་སྤྱི་འབྲེལ་སྨྱན་བྱད་སྟེང་གསར་འགྱུར་སྤེལ་དོན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཐའེ་མུའུ་ཨར·དབྱི་ཝན་ནའོ་ཧྥུའུ་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་སྟབས་བཀག་ཉར་བྱས།

གསར་འགྱུར་ནང་། དབྱི་ཝན་ནའོ་ཧྥུའུ་ལ་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཉེས་ཁྲིམས་ཨང290ནང་བཀོད་པའི་ལྐོག་རྔན་བླངས་པའི་ཉེས་པ་ཡོད་སྟབས་བཀག་ཉར་བྱས་ཤིང་། གནས་ཚུལ་བྱུང་རིམ་རྒྱས་བཤད་བྱས་མེད། 

ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁེ་ཧྥུའུ་ཡིས། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་དང་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་གུའུ་རྣམ་གཉིས་ཀྱིས་གོང་གི་གནས་ཚུལ་ལ་ཤེས་རྟོགས་བྱུང་ཡོད་པར་བཤད། 

ཐཱ་སི་གསར་འགྱུར་ཁང་གིས། དབྱི་ཝན་ནའོ་ཧྥུའུ་ཡིས་ཉུང་མཐར་ཡང་ལྐོག་རྔན་ལུའུ་པུའུ་ཁྲི100(དམངས་སྒོར1ཕལ་ཆེར་ལུའུ་པུའུ13རེད)བླངས་སྟབས། ལོ15ལ་བཙོན་འཇུག་བྱ་རྒྱུ་ཡིན་པར་བཤད།

རྒྱུ་ཆ་ལས་མངོན་པ་ལྟར་ན། 2016ལོའི་ཟླ5པར་དབྱི་ཝན་ནའོ་ཧྥུའུ་ལ་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་གཞོན་པར་བསྐོས་ཤིང་། ཨུ་རུ་སུའི་དྲག་ཆས་དམག་དཔུང་གི་ནོར་སྲིད་དོ་དམ་དང་སྡོད་ཁང་། སྨན་བཅོས་སོགས་ཀྱི་བྱ་བར་འགན་འཁུར་བ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།