ཀྲུང་གོ་བོད་ཀྱི་དྲ་བ།

ཐུ་ནི་སི་དང་ཨར་ཅི་རི་ཡ། ལི་པི་ཡ་བཅས་ཀྱི་མགོ་ཁྲིད་མི་སྣས་ས་གནས་ཀྱི་གནས་བབ་ཐད་གྲོས་བསྡུར་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུ་ནི་སི་དང་ཨར་ཅི་རི་ཡ། ལི་པི་ཡ་བཅས་ཀྱི་མགོ་ཁྲིད་མི་སྣས་ཚེས22ཉིན་ཐུ་ནི་སིའི་རྒྱལ་ས་ཐུ་ནི་སི་རུ་ཐུག་འཕྲད་གནང་སྟེ།  ཁྲིམས་འགལ་གྱིས་རྒྱལ་མཚམས་བརྒལ་བར་རྡུང་རྡེག་དང་གློག་ཤུགས་ཕན་ཚུན་འབྲེལ་མཐུད་བྱེད་པའི་གྲོས་གཞི་སོགས་ལ་གྲོས་བསྡུར་བྱས། 

ཐུ་ནི་སིའི་གཞུང་ཕྱོགས་གསར་འགྱུར་ཁང་གིས། ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏི་དང་ཨར་ཅི་རི་ཡའི་ཙུང་ཐུང་ཐེ་པིན། ལི་པི་ཡའི་ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མན་ཧྥེ་བཅས་ཀྱིས་ཉིན་དེར་ཐུག་འཕྲད་གནང་རྗེས། རྒྱལ་ཁབ་གསུམ་གྱི་མཐའ་མཚམས་ཀྱི་བདེ་འཇགས་བརྟན་བརླིང་ཡོང་བར་སྲུང་སྐྱོང་དང་མཉམ་ལས་བྱ་རྒྱུ་འཐད་པ་བྱུང་བ་མ་ཟད། ཁྲིམས་འགལ་གྱིས་རྒྱལ་མཚམས་བརྒལ་མཁན་དང་རྩ་འཛུགས་ལ་རྡུང་རྡེག་ནན་མོ་གཏོང་བའི་གསལ་བསྒྲགས་སྤེལ། 

རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་མི་སྣས་རྒྱལ་ཁབ་གསུམ་བར་གློག་ཤུགས་ཕན་ཚུན་འབྲེལ་མཐུད་བྱེད་པའི་ལས་གཞི་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་རྒྱུ་དང་། མི་སྣ་དང་དངོས་ཟོག་དབོར་འདྲེན་བྱེད་པར་སྐུལ་འདེད་གཏོང་རྒྱུའི་ཐག་བཅད། 

ལི་པི་ཡའི་གནད་དོན་ཐད། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་མི་སྣས་རྣམ་པ་གང་རུང་གི་ཕྱི་ཕྱོགས་ཐེ་གཏོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་། མགྱོགས་མྱུར་སྒོས“ལི་པི་ཡའི་མི་དམངས་ཀྱི་འདོད་བློ་དང་འཚམས་པའི”འདེམས་བསྐོ་བྱ་འགུལ་སྤེལ་བར་འབོད་སྐུལ་གནང་བ་རེད། 

ད་ལོའི་ཟླ3པར་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་མི་སྣས་དུས་ཚོད་གཏན་ཁེལ་བྱས་ནས་ཐུག་འཕྲད་གནང་རྒྱུའི་ཐག་བཅད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།