ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཕུའུ་ཐའོ་ཡའི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་ཨའོ་མོན་དུ་འཚོགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས22ཉིན། ཀྲུང་གོ་དང་ཕུའུ་ཐའོ་ཡའི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས(ཨའོ་མོན)ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་དྲུག་པ་ཨའོ་མོན་དུ་འཚོགས་ཏེ། མ་འོངས་པའི་ལོ་གསུམ་ནང་ཀྲུང་གོ་དང་ཕུའུ་ཐའོ་ཡའི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གཙོ་གནད་ཁྱབ་ཁོངས་གསལ་བོ་བྱས་པ་མ་ཟད། ཨའོ་མོན་དེ་ཀྲུང་གོ་དང་ཕུའུ་ཐའོ་ཡའི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་ཀྱི་ཚོང་དོན་མཉམ་ལས་ཞབས་ཞུའི་སྟེགས་བུ་ཡིན་པའི་ཆ་ནས་སྔར་ལས་ནུས་པ་འདོན་སྤེལ་བྱ་དགོས་ཚུལ་བསྟན།

སྐབས་འདིའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་བྱེད་སྒོ་གཙོ་བོར《དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འགུལ་སྐྱོད་རྩ་འཛིན(2024-2027)》སྟེང་མིང་རྟགས་འགོད་པའི་མཛད་སྒོ་དང་དེ་མིན་ཚེས23ཉིན་འཚོགས་འཆར་ཡོད་པའི་ཀྲུང་གོ་དང་ཕུའུ་ཐའོ་ཡའི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་ཀྱི་ཁེ་ལས་མཁས་ཅན་ཚོགས་ཆེན་སོགས་འདུས་ཡོད

ཀྲུང་གོ་དང་ཕུའུ་ཐའོ་ཡའི་གླེང་སྟེགས་དེ2003ལོའི་ཟླ10པར་ཨའོ་མོན་དུ་བཙུགས་ཤིང་། ཀྲུང་གོ་ཀྲུང་དབྱང་མི་དམངས་སྲིད་གཞུང(ཚོང་དོན་པུའུ)གིས་གཙོ་སྒྲུབ་བྱས་ཤིང་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་སྒྲུབ་འགན་འཁུར་བ་རེད། ཨན་ཀོ་ལ་དང་པར་ཙིར། ཧྥོ་ཏི་ཅའོ། ཀི་ནེ་ཡ་པི་སོ། ཐིག་དམར་ཀི་ནེ་ཡ། མོ་ཙམ་པི་ཁེ།་ཕུའུ་ཐའོ་ཡ། སེང་ཐོ་མེ། ཕུའུ་ལིན་ཞི་པི། ཏི་ཝུན་ཤར་མ་བཅས་་ཕུའུ་ཐའོ་ཡའི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ9ཡིས་ཐུན་མོང་ཐོག་སྒོས་ཞུགས། 

ཀྲུང་གོ་དང་ཕུའུ་ཐའོ་ཡའི་གླེང་སྟེགས་བཙུགས་པ་ནས་བཟུང་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་ལྔ་དང་པུའུ་ཀྲང་རིམ་པའི་དམིགས་བསལ་ཚོགས་འདུ་ཐེངས་གཅིག་བཅས་འཚོགས་ཏེ། ཀྲུང་གོ་དང་ཕུའུ་ཐའོ་ཡའི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་ཀྱི་སྲིད་གཞུང་བར་མཉམ་ལས་དང་ཚོང་དོན་མ་འཇོག ཐོན་ལས་མཉམ་ལས། འཕེལ་རྒྱས་མཉམ་ལས། མི་ཤུགས་ཐོན་ཁུངས། སྨན་བཅོས་འཕྲོད་བསྟེན། སློབ་གསོ་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་བ་མ་ཟད། ཨའོ་མོན་གྱིས་ཀྲུང་གོ་དང་ཕུའུ་ཐའོ་ཡའི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་བར་གྱི་ཚོང་དོན་མཉམ་ལས་ཞབས་ཞུའི་སྟེགས་བུ་བསྐྲུན་རྒྱུ་དང་དཔལ་འབྱོར་འོས་འཚམ་སྒོས་སྣ་མང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གོ་སྐབས་བསྩལ། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།