ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་རྒྱལ་ཡོངས་ཀྱི་སློབ་ཁྲིད་བྱ་འགུལ་སླར་གསོ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས15ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ནས། གནས་བབ་ལ་དཔྱད་འཇོག་བྱས་པ་བརྒྱུད། ཚེས་བཅོ་ལྔ་ཉིན་ནས་བཟུང་ས་གནས་རང་གི་བཅའ་སྡོད་གཏན་སྲུང་དམག་སྤྱི་ཁང་གི་འགན་སྲུང་བྱེད་ཐབས་བྱེད་ཕྱོགས་ལ་བཟོ་བཅོས་བྱས་ཡོད་པ་དང་། དེའི་ནང་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་སློབ་ཁྲིད་བྱ་འགུལ་སླར་གསོ་བྱེད་པའང་འདུས་ཡོད།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། དབྱི་སི་རལ་བྱང་ཕྱོགས་ཀྱི་མཐའ་མཚམས་དང་ཅཱ་ཧྲའི་ཉེ་འདབས་ས་ཁུལ་གྱི་སྡེ་ཁུལ་དུ། སློབ་ཁྲིད་བྱ་འགུལ་དེ་ཚོད་འཛིན་ཡོད་པའི་གནས་ཚུལ་འོག་སླར་གསོ་བྱེད་རྒྱུ་ཡིན་པ་དང་། དེ་ལས་གཞན་དེའི་སྔོན་སྤེལ་བའི་འདུ་ཚོགས་ཀྱི་ཚད་བཀག་དེ་ཡང་རྩིས་མེད་དུ་གཏོང་རྒྱུ་ཡིན་ཟེར།

དབྱི་སི་རལ་གྱིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་བདེ་འཇགས་ཉེན་བརྡ་བཏང་སྟེ། དབྱི་སི་རལ་གྱི་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་སློབ་གྲྭས་མ་འོངས་པའི་དུས་ཚོད་ཞེ་བརྒྱད་རིང་སློབ་ཁྲིད་བྱ་འགུལ་མཚམས་འཇོག་དགོས་པའི་རེ་བ་བཏོན་པ་དང་། མི་སྟོང་གཅིག་ལས་བརྒལ་བའི་འདུ་ཚོགས་བྱ་འགུལ་གང་རུང་སྤེལ་མི་ཆོག་ལ། ཅཱ་ཧྲ་ས་ཁུལ་དུ་ཉེ་བའི་མཁར་གྲོང་དང་ལེ་པཱ་ནུན་གྱི་མཐའ་མཚམས་དང་འབྲེལ་བའི་ས་ཁུལ་གྱི་སྤྱི་བའི་མཚོ་འགྲམ་སྒོ་བརྒྱག་དགོས་པ་དང་། ཅཱ་ཧྲ་ས་ཁུལ་དང་ཉེ་བའི་མཐའ་མཚམས་ས་ཁུལ་དུ་མི་བརྒྱ་ལས་བརྒོལ་བའི་འདུ་ཚོགས་བྱ་འགུལ་སྤེལ་མི་རུང་བར་མ་ཟད། ལེ་པཱ་ནུན་དང་འབྲེལ་བའི་མཐའ་མཚམས་ས་ཁུལ་ནས་མི་སུམ་ཅུ་ལས་བརྒལ་བའི་ཁང་བའི་ནང་གི་འདུ་ཚོགས་བྱ་འགུལ་སྤེལ་མ་གཏོགས་སྤེལ་མི་རུང་བར་གཏན་འཁེལ་བྱས་ཡོད།

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།