ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་གསུམ་གྱི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས14ཉིན་བཤད་རྒྱུར། ཉིན་དེར་དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་ཀྱི་དབྱི་ལིང་དུ་སྡོད་པའི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱས་པ་དང་། རྒྱུ་མཚན་ནི་རྒྱལ་ཁབ་དེ་དག་གི་དཔོན་པོ་རེ་འགས་དབྱི་ལིང་གིས་དབྱི་སི་རལ་གྱིས་དབྱི་ལིང་ལ་དམིགས་པའི་འགུལ་སྐྱོད་ལ་རྒོལ་ལན་སྤྲོད་པའི་ཐད་ནས། འགན་མི་རུང་བའི་ལངས་ཕྱོགས་བཟུང་ཡོད་པས་ཡིན་ཟེར།

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་ཕྱི་འབྲེལ་པུའུ་ཡི་དཔོན་རིགས་ཀྱིས་ཉིན་དེར་གོང་གི་རྒྱལ་ཁབ་གསུམ་གྱི་གཞུང་ཚབ་པར་དབྱི་སི་རལ་གྱི་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའ་རྩ་དོན་ལ་འགལ་བའི་བྱ་སྤྱོད་གསལ་བོར་བསྟན་པ་དང་། རྒྱལ་ཁབ་གསུམ་གྱིས་དབྱི་སི་རལ་གྱིས་སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་བར་སྣང་འཇབ་རྒོལ་བྱས་པ་དང་དབྱི་ལིང་གིས་ཁྲིམས་མཐུན་རང་སྲུང་དབང་ཆ་ལག་བསྟར་བྱེད་པའི་གནད་དོན་ཐད་ཚད་གཞི་ཟུང་ལྡན་སྤྱད་ཡོད་ཟེར།

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། དབྱི་ལིང་གིས་དབྱི་སི་རལ་ལ་སྤྱད་པའི་དམག་དོན་འགུལ་སྐྱོད་ནི་རང་སྲུང་དབང་ཆ་ལག་བསྟར་བྱེད་པའི་སྒྲོམ་གཞིའི་ནང་སྤེལ་བ་དང་། དབྱི་སི་རལ་གྱིས་བཟོས་པའི་ནག་ཉེས་རབ་དང་རིམ་པར་རྒོལ་ལན་སྤྲད་པ་ཡིན། དབྱི་ལིང་གིས་མཐའ་གཅིག་ཏུ་རང་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ། རྒྱལ་ཁབ་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།