ཀྲུང་གོ་བོད་ཀྱི་དྲ་བ།

ལི་པི་ཡའི་རྒྱལ་ས་རུ་དྲག་ཆས་འགལ་འདུ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏི་ལི་པའོ་ལི་ནས་བསྒྲགས་པའི་གསར་འགྱུར་ལྟར་ན། ལི་པི་ཡའི་གཞུང་ཕྱོགས་ལས་ཁུངས་ཀྱིས་ཚེས11ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་རྒྱལ་ས་ཏི་ལི་པའོ་ལི་རུ་ཉིན་དེའི་དགོང་མོར་དྲག་ཆས་འགལ་འདུ་བྱུང་ལ། མིག་སྔར་འགལ་འདུ་ཞི་འཇགས་སུ་བཏང་ཟིན་པ་དང་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད་པ་རེད། 

ཚེས11ཉིན་གྱི་དགོང་མོར། ཏི་ལི་པའོ་ལི་རུ་མེ་མདའ་རྒྱབ་པའི་དོན་རྐྱེན་བྱུང་བ་རེད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་གྲོང་ཁྱེར་གྱི་ལྟེ་བ་རུ་མེ་མདའི་སྒྲ་ཐོས་པ་དང་དམག་མིའི་རླངས་འཁོར་མཐོང་བ་མ་ཟད། མང་ཚོགས་རྣམས་ཕྱོགས་སོ་སོར་བྲོས་བྱོལ་བྱེད་བཞིན་པ་མཐོང་། 

ལི་པི་ཡའི་འཕྲོད་བསྟེན་པུའུ་འཕྲལ་བསྟུན་སྡེ་ཁག་གིས་དྲག་ཆས་འགལ་འདུ་བྱུང་མ་ཐག་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཏི་ལི་པའོ་ལི་ཡི་གནས་བབ་ལྷིང་འཇགས་ཡིན་ལ་མི་སྣ་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་པ་རེད། ལི་པི་ཡའི་སྨྱན་བྱད་ཀྱིས་བཤད་རྒྱུར། ལི་པི་ཡའི་ནང་སྲིད་པུའུ་ཡི་མགྲིན་ཚབ་པས་དྲག་ཆས་འགལ་འདུ་མཇུག་རྫོགས་ལ་མི་སྣ་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་པ་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་རྒྱལ་སའི་བདེ་འཇགས་ལ་ཉེན་རྟོག་དམག་དཔུང་བཀོད་སྒྲིག་བྱས་ཡོད་པར་བཤད།

མིག་སྔར་དྲག་ཆས་འགལ་འདུ་ནང་ཞུགས་མཁན་གྱི་ཐོ་ཐང་དང་འགལ་འདུ་བྱུང་བའི་རྒྱུ་རྐྱེན་སོགས་གནས་ཚུལ་སྤེལ་མེད་པ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།