ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ལའོ་ཝུའོ་ལྕགས་ལམ(ཀྲིན་ཀྲོའུ—ཝན་ཞང)རྒྱལ་སྤྱིའི་དངོས་ཟོག་དབོར་འདྲེན་མེ་འཁོར་ཐོག་མ་དངོས་སུ་འཁོར་སྐྱོད་བྱེད་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ4པའི་ཚེས11ཉིན་ཀྲུང་གོའི་ལྕགས་ལམ་སྡེ་ཚོགས་ཀྲིན་ཀྲོའུ་ཅུའུ་ཕུའུ་ཐེན་ས་ཚིགས་སུ་མེ་འཁོར་ནང་དོས་སྒམ་སྒྲིག་བཞིན་པའི་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས11ཉིན། འཕྲུལ་འཁོར་གྱི་ལྷུ་ལག་དང་རྫ་ཆས། ཤེལ་ཆས། རས། འཁྱགས་སྒམ་བཅས་དོས་སྒམ45འདྲུད་པའི་དངོས་ཟོག་སྐྱེལ་འདྲེན་མེ་འཁོར་ཨང80031པ་ཀྲུང་གོའི་ལྕགས་ལམ་སྡེ་ཚོགས་ཀྲིན་ཀྲོའུ་ཅུའུ་ཕུའུ་ཐེན་ས་ཚིགས་ནས་ལམ་ལ་ཆས། དེས་ཀྲུང་གོ་དང་ལའོ་ཝུའོ་ལྕགས་ལམ(ཀྲིན་ཀྲོའུ—ཝན་ཞང)རྒྱལ་སྤྱིའི་དངོས་ཟོག་དབོར་འདྲེན་མེ་འཁོར་ཐོག་མ་དངོས་སུ་འཁོར་སྐྱོད་བྱེད་མགོ་བརྩམས་པ་མཚོན། 

རྒྱུས་ལོན་པ་ལྟར་ན། ཀྲུང་གོ་དང་ལའོ་ཝུའོ་ལྕགས་ལམ(ཀྲིན་ཀྲོའུ—ཝན་ཞང)རྒྱལ་སྤྱིའི་དངོས་ཟོག་དབོར་འདྲེན་མེ་འཁོར་དེ་གཟའ་འཁོར་རེ་ཐེངས3ལ་གཏོང་རྒྱུ་དང་། ཆ་སྙོམས་ཀྱི་འཁོར་སྐྱོད་དུས་ཚོད་ཉིན6ཡིན། །

པར་འདི་ནི་ཟླ4པའི་ཚེས11ཉིན་ཀྲུང་གོའི་ལྕགས་ལམ་སྡེ་ཚོགས་ཀྲིན་ཀྲོའུ་ཅུའུ་ཕུའུ་ཐེན་ས་ཚིགས་སུ་ཀྲུང་གོ་དང་ལའོ་ཝུའོ་ལྕགས་ལམ(ཀྲིན་ཀྲོའུ—ཝན་ཞང)རྒྱལ་སྤྱིའི་དངོས་ཟོག་དབོར་འདྲེན་མེ་འཁོར་ཐོག་མ་འཁོར་སྐྱོད་བྱེད་མགོ་རྩོམ་པའི་རྣམ་པ་རེད།

པར་འདི་ནི་ཟླ4པའི་ཚེས11ཉིན་ཀྲུང་གོའི་ལྕགས་ལམ་སྡེ་ཚོགས་ཀྲིན་ཀྲོའུ་ཅུའུ་ཕུའུ་ཐེན་ས་ཚིགས་སུ་མེ་འཁོར་ནང་དོས་སྒམ་སྒྲིག་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ4པའི་ཚེས11ཉིན་ཀྲུང་གོའི་ལྕགས་ལམ་སྡེ་ཚོགས་ཀྲིན་ཀྲོའུ་ཅུའུ་ཕུའུ་ཐེན་ས་ཚིགས་སུ་ཀྲུང་གོ་དང་ལའོ་ཝུའོ་ལྕགས་ལམ(ཀྲིན་ཀྲོའུ—ཝན་ཞང)རྒྱལ་སྤྱིའི་དངོས་ཟོག་དབོར་འདྲེན་མེ་འཁོར་ཐོག་མ་འཁོར་སྐྱོད་བྱེད་མགོ་རྩོམ་པའི་རྣམ་པ་རེད།

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།