ཀྲུང་གོ་བོད་ཀྱི་དྲ་བ།

པ་ཞིའི་བྱང་ཤར་དུ་འགྲུལ་འཁོར་ཆེ་གྲས་ཤིག་ལ་དོན་རྐྱེན་བྱུང་སྟེ་མི9ཚེ་ལས་འདས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པ་ཞི་འགྲིམ་འགྲུལ་ཉེན་རྟོག་སྡེ་དག་གིས་ཚེས11ཉིན་བསྒྲགས་པའི་གསལ་བསྒྲགས་ནང་། པ་ཞིའི་བྱང་ཤར་ཕྱོགས་ཀྱི་པ་དབྱི་ཡཱ་མངའ་སྡེ་ཐེ་ཞའེ་ལ-ཏི་ཧྥེ་ལའེ་ཐ་སི་ས་ཁུལ་དུ་ཉིན་དེའི་ཐོ་རེངས་སྐབས་འགྲུལ་འཁོར་ཆེ་གྲས་ཤིག་ལ་དོན་རྐྱེན་བྱུང་སྟེ་མི9ཚེ་ལས་འདས་པ་དང་མི23ལ་རྨས་ཕོག་ཡོད། 

གསལ་བསྒྲགས་ནང་། ཐེངས་འདིའི་དོན་རྐྱེན་ནི་ས་དེའི་ཆུ་ཚོད4དང་སྐར་མ30ཡས་མས་སུ་བྱུང་ཞིང་། འགྲུལ་འཁོར་ཆེ་བ་དེ་ཚེས10ཉིན་གྱི་ཕྱི་དྲོར་ལི་རའེ་ནའེ་ལུའུ་མངའ་སྡེ་ཕའེ་ཉིན་ཡ་ནས་ལམ་ལ་ཆས་ཤིང་ཚེས11ཉིན་གྱི་སྔ་དྲོར་པཱ་དབྱི་ཡ་མངའ་སྡེའི་སའེ་གུ་ལུའུ་གྲུ་ཁར་འབྱོར་འཆར་ཡོད་ལ། རླངས་འཁོར་ནང་ཁྱོན་མི34ཡོད་པ་རེད། ཐེངས་འདིའི་དོན་རྐྱེན་ལས་མི8ཚེ་ལས་འདས་པ་དང་མི24ལ་རྨས་ཕོག་ཡོད། 

དོན་རྐྱེན་བྱུང་རྗེས། རྨས་མ་རྣམས་ཉེ་འཁོར་གྱི་སྨན་ཁང་དུ་བསྐྱེལ་ནས་སྨན་བཅོས་བྱེད་བཞིན་མཆིས། རྨས་མ་ཞིག་སྨན་ཁང་དུ་གཤགས་བཅོས་བྱས་ཀྱང་རྨས་སྐྱོན་ཚབ་ཆེ་བས་ཚེ་ལས་འདས། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།