ཀྲུང་གོ་བོད་ཀྱི་དྲ་བ།

འབར་མའི་དམག་དཔུང་གིས་ཇོ་མོ་གླང་མའི་གད་སྙིགས་གཙང་སྤྲ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབར་མའི་དམག་དཔུང་གིས་ཚེས7ཉིན་ཁྱབ་བསྒྲགས་བྱས་དོན། འབར་མས་ཡང་བསྐྱར་རི་འཛེགས་རུ་ཁག་མངགས་ནས་འབར་མ་རྒྱལ་ཁབ་ནས་རི་བོ་ཇོ་མོ་གླང་མ་སོགས་གངས་རིར་འཛེགས་སྐབས་ཕྱིར་འཕངས་པའི་གད་སྙིགས་ཏུན10དང་བེམ་པོ5གཙང་སྤྲ་བྱ་རྒྱུ་རེད། 

ཐེངས་འདིའི་གད་སྙིགས་གཙང་སྤྲ་བྱེད་པའི་བྱ་འགུལ་ལ་འགན་འཁུར་བའི་དམག་དཔོན་སང་ཅཱ་དབྱི·ཏི་ཝུའུ་ཅཱ་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཟླ་འདིའི་ཚེས11ཉིན། འབར་མའི་དམག་དཔུང་གིས་རི་འཛེགས་རུ་ཁག3ཇོ་མོ་གླང་མ་སོགས་རི་རྩེ་གསུམ་ལ་མངགས་ནས་གད་སྙིགས་གཙང་སྤྲ་བྱ་རྒྱུ་དང་། ཤར་བའི་རི་འཛེགས་ལམ་ཁྲིད་པས་ལམ་སྟོན་རྒྱབ་སྐྱོར་བྱས་ཏེ། ཉིན50རིང་གད་སྙིགས་གཙང་སྤྲ་བྱེད་པའི་བྱ་འགུལ་སྤེལ་རྒྱུ་རེད། ཐེངས་འདིར་གད་སྙིགས་གཙང་སྤྲ་བྱ་རྒྱུ་ལས་གཞན་རི་རྩེར་ལུས་པའི་བེམ་པོ་ལྔ་ཕྱིར་དབོར་འདྲེན་བྱ་རྒྱུ་ཡིན་པར་བཤད།

འབར་མའི་དམག་དཔུང་གིས2019ལོ་ནས་བཟུང“གངས་རི་ལ་གཙང་སྤྲ་བྱེད་ཅེས་པའི་བྱ་འགུལ”སྤེལ་མགོ་ཚུགས་ཤིང་། གཙང་སྤྲ་བྱས་པའི་གད་སྙིགས་རྣམས་རིགས་དབྱེ་ནས་ཐག་གཅོད་བྱས་པ་རེད། 

འབར་མའི་ཡུལ་སྐོར་ཅུའུ་ཡིས། ཟླ་འདིའི་ཚེས5ཉིན་བར་རི་འཛེགས་པ་མི264ལ་ད་ལོའི་དཔྱིད་དུས་འབར་མའི་རི་རྩེ15ལ་འཛེགས་རྒྱུའི་ཆོག་མཆན་ཐོབ་ལ། དེའི་ཁྲོད་ཀྱི་མི130ལ་འབར་མ་ནས་ཇོ་མོ་གླང་མར་འཛེགས་རྒྱུའི་ཆོག་མཆན་ཐོབ་ཡོད་པ་རེད།  །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།