ཀྲུང་གོ་བོད་ཀྱི་དྲ་བ།

ཨིར་ལན་གྱིས་འདེམས་ཤོག་འཕངས་ཏེ་ཧ་ལི་སི་ཨིན་ལན་གྱི་ཙུང་ལི་རུ་བདམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏུ་པོ་ལིན་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཨིར་ལན་གྲོས་ཚོགས་ཀྱིས་ཚེས9ཉིན་འདེམས་ཤོག་འཕངས་ནས་ཐག་གཅོད་བྱས་དོན།      ཨིར་ལན་གཅིག་གྱུར་ཏང་གི་གཙོ་འཛིན་ཞི་མིན·ཧ་ལི་སི་ཨིན་ལན་གྱི་ཙུང་ལི་རུ་བདམས། 

ཨིན་ལན་གྱི་ཙུང་ལི་ཟུར་པ་ཝ་ལི་ཏི་ཁ་ཡིས་ཟླ3པའི་ཚེས20ཉིན་གཅིག་གྱུར་ཏང་གི་གཙོ་འཛིན་གྱི་ལས་འགན་ཕྱིར་འཐེན་བྱས་པ་ཁྱབ་བསྒྲགས་གནང་བ་མ་ཟད། གཅིག་གྱུར་ཏང་གིས་གཙོ་འཛིན་གསར་བ་བདམས་ཐོན་བྱུང་རྗེས་ཙུང་ལི་ཡི་འགན་འཁྲི་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་གནང་ཞིང་། ཟླ་དེའི་ཚེས24ཉིན། གཅིག་གྱུར་ཏང་གིས་ཧ་ལི་སི་ཏང་ཁག་དེའི་གཙོ་འཛིན་གསར་བར་བདམས་བ་དང་། ཟླ4པར་ཨིན་ལན་གྱི་ཙུང་ལི་ཡི་འགན་འཁུར་རྒྱུ་རེད།

ཧ་ལི་སི་ད་ལོར་ལོ37ཡིན་ཞིང་། ཨིན་ལན་ལོ་རྒྱུས་སྟེང་ཆེས་ན་གཞོན་པའི་ཙུང་ལི་རེད། ཁོས་དེ་སྔོན་ཨིན་ལན་མཐོ་རིམ་སློབ་གསོ་པུའུ་ཡི་པུའུ་ཀྲང་དང་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་སོགས་ཀྱི་འགན་བཞེས་མྱོང་བ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།