ཀྲུང་གོ་བོད་ཀྱི་དྲ་བ།

པའོ་ཧྭ་ཡིས་ཀྲུང་གོར་སྡོད་པའི་ཧང་ག་རིའི་གཞུང་ཚབ་ཆེན་མོ་བ་པའེ་སི་ཏི་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ4པའི་ཚེས9ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་ཧྲེ་ཀྲང་པའོ་ཧྭ་ཡིས་པེ་ཅིན་དུ་ཀྲུང་གོར་སྡོད་པའི་ཧང་ག་རིའི་གཞུང་ཚབ་ཆེན་མོ་བ་པའེ་སི་ཏི་ལ་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིན་ཧྭ་གསར་འགྱུར་ཁང་གི་ཧྲེ་ཀྲང་པའོ་ཧྭ་ཡིས་ཚེས9ཉིན་པེ་ཅིན་དུ་ཀྲུང་གོར་སྡོད་པའི་ཧང་ག་རིའི་གཞུང་ཚབ་ཆེན་མོ་བ་པའེ་སི་ཏི་ལ་ཐུག་འཕྲད་གནང་།

པའོ་ཧྭ་ཡིས། ད་ལོ་ནི་ཀྲུང་གོ་དང་ཧང་ག་རི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པའི་ལོ་ཡིན་ལ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་གོ་སྐབས་གསར་བ་བསུ་ཡོང་། ཞིན་ཧྭ་གསར་འགྱུར་ཁང་གིས་ཧང་ག་རི་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་ཀྱི་འཐབ་ཇུས་སྣེ་ཁྲིད་འོག ཧུར་ཐག་སྒོས་ནུས་པ་འདོན་སྤེལ་བྱས་ཏེ། དམངས་སེམས་གཅིག་ཏུ་འབྲེལ་བའི་བརྒྱུད་སྒྲོག་པ་དང་མི་ཆོས་རིག་གནས་བརྗེ་རེས་ཀྱི་སྐུལ་འདེད་པ་བྱ་རྒྱུ་ལས་གཞན། རྒྱལ་ཁབ་གཉིས་ཀྱི་སྨྱན་བྱད་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་། མི་སྣའི་འགྲོ་འོངས་དམ་ཟབ་བྱེད་པ། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་མཉམ་རྒྱལ་དང་དམངས་སེམས་གཅིག་མཐུན་གྱི་མཛའ་གཤིས་གཏམ་རྒྱུད་ལེགས་པོ་བརྗོད་དགོས་ཚུལ་བསྟན། 

པའེ་སི་ཏི་ཡིས། ཉེ་བའི་ལོ་ཤས་རིང་། ཧང་ག་རི་ཡིས་ཀྲུང་གོའི་ཁྱབ་ཁོངས་ཁག་དང་མཉམ་ལས་བྱས་ཤིང་གྲུབ་འབྲས་ཡུར་དུ་ཟ་བ་ཐོབ་ཡོད། ཧང་ག་རི་ཡིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་བྱུང་བའི་ཐུན་མོང་གི་ལྟ་བ་དངོས་འབེབ་བྱ་རྒྱུ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་མཐུན་གྱི་འབྲེལ་བ་ཆགས་པར་མུ་མཐུད་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།