ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིས་རོལ་དབྱངས་ཁང་གི་འཇིག་སྐུལ་འཇབ་རྒོལ་ཉེས་ཅན་དེ་ཝུའུ་ཁོ་ལན་གྱི་མྱུལ་མའི་ལས་ཁུངས་དང་འབྲེལ་བ་ཡོད་ཅེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་མཉམ་འབྲེལ་གསང་མྱུལ་ཨུ་ལྷན་གྱིས་ཚེས8ཉིན་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ནང་། མོ་སོ་ཁོའི་རོལ་དབྱངས་ཁང་གི་འཇིག་སྐུལ་འཇབ་རྒོལ་དོན་རྐྱེན་གྱི་རྟོག་ཞིབ་ལས་དོན་ད་དུང་སྤེལ་བཞིན་ཡོད་ཅིང་། འཇིག་སྐུལ་དོན་རྐྱེན་གྱི་ཉེས་གསོག་དོགས་ཡོད་མི་སྣས་ནག་ཉེས་བཟོ་སྐབས་ཀྱི་བདེན་དཔང་གལ་ཆེན་རྙེད་ཡོད་པ་དང་། བདེན་དཔང་འདི་དག་གིས་ཁོ་ཚོ་དང་ཝུའུ་ཁི་ལན་གསང་འཕྲིན་ལས་ཁུངས་དང་འབྲེལ་བ་ཡོད་པ་གསལ། ཨུ་རུ་སུ་ཕྱོགས་ཀྱིས་རོལ་དབྱངས་ཁང་གི་འཇིག་སྐུལ་འཇབ་རྒོལ་ནང་ཝུའུ་ཁི་ལན་ཞུགས་ཡོད་མེད་ཀྱི་རྗེས་ཤུལ་སྐོར་ལ། ཝུའུ་ཁི་ལན་གྱི་ཙུང་ཐུང་ལས་ཤག་གིས་བློ་འདྲི་བས་བཤད་ཚུལ་འདི་བདེན་པ་མིན་ཞེས་བསྟན་འདུག །

 
རྩོམ་སྒྲིག་པ། : 才让东珠