ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་དང་ཕ་ཁུ་སི་ཐན་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་དགོས་ཚུལ་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ4པའི་ཚེས7ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་དུ་ཅོར་ཏན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཨའེ་མན·སཱ་ཧྥ་ཏི་ལ་ཡིས་ཕ་ཁུ་སི་ཐན་གྱི་ཙུང་ལིའམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་། ཕྱི་སྡོད་རང་མི་ལས་དོན་པུའུ་ཡི་པུའུ་ཀྲང་མུའུ་ཧན་མའོ་ཏི·མུའུ་སི་ཐཱ་ཧྥ་ལ་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་གསར་འགྱུར་ཁང་གིས་ཚེས7ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཅོར་ཏན་རྒྱལ་ཁབ་ཁྱི་དབུ་བཞུགས་བློན་ཆེན་པི་ཞའེ་ཨར·ཧ་སུའུ་ནའེ་ཡིས་ཉིན་དེར་རྒྱལ་ས་ཨན་མན་དུ་ཕ་ཁུ་སི་ཐན་གྱི་ཙུང་ལིའམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་། ཕྱི་སྡོད་རང་མི་ལས་དོན་པུའུ་ཡི་པུའུ་ཀྲང་མུའུ་ཧན་མའོ་ཏི·མུའུ་སི་ཐཱ་ཧྥ་ལ་ཐུག་འཕྲད་གནང་ཞིང་། ཕྱོགས་གཉིས་ཀྱིས་ཧུར་ཐག་སྒོས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་འབྲེལ་བའི་ཐད་འབད་བརྩོན་བྱེད་དགོས་ཚུལ་བསྟན།  མུའུ་སི་ཐཱ་ཧྥ་ཡིས་ཉིན་དེར་ད་དུང་ཅོར་ཏན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཨའེ་མན·སཱ་ཧྥ་ཏི་ལ་ཐུག་འཕྲད་གནང་། ཕྱོགས་གཉིས་ཀྱིས་ངེས་པར་དུ་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་ལ་དམག་མཚམས་འཇོག་དགོས་ཚུལ་བསྟན། །

པར་འདི་ནི་ཟླ4པའི་ཚེས7ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་དུ་ཅོར་ཏན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཨའེ་མན·སཱ་ཧྥ་ཏི་ལ་ཡིས་ཕ་ཁུ་སི་ཐན་གྱི་ཙུང་ལིའམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་། ཕྱི་སྡོད་རང་མི་ལས་དོན་པུའུ་ཡི་པུའུ་ཀྲང་མུའུ་ཧན་མའོ་ཏི·མུའུ་སི་ཐཱ་ཧྥ་ལ་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ4པའི་ཚེས7ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་དུ་ཅོར་ཏན་རྒྱལ་ཁབ་ཁྱི་དབུ་བཞུགས་བློན་ཆེན་པི་ཞའེ་ཨར·ཧ་སུའུ་ནའེ་ཡིས་ཕ་ཁུ་སི་ཐན་གྱི་ཙུང་ལིའམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་། ཕྱི་སྡོད་རང་མི་ལས་དོན་པུའུ་ཡི་པུའུ་ཀྲང་མུའུ་ཧན་མའོ་ཏི·མུའུ་སི་ཐཱ་ཧྥ་ལ་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད།

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།