ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་དམངས་སྡོད་ཁང་པ་ཁྲི1ལྷག་ལ་ཆུ་ལོག་གིས་ནུབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས8ཉིན་སྤྱི་འབྲེལ་སྨྱན་བྱད་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ཆར་ཨུ་རུ་སུའི་ཨའོ་ལུང་པའོ་མངའ་སྡེ་དང་ཁུའུ་ཨར་ཀན་མངའ་སྡེ་སོགས་ས་ཁུལ་གྱི་དམངས་སྡོད་ཁང་པ་ཁྲི1ལྷག་ཆུ་ལོག་གི་ནུབ་ལ། བྲེལ་མྱུར་གནས་ཚུལ་པུའུ་ཡིས་རོགས་སྐྱོབ་མི་སྣ་མངགས་ནས་གནོད་ཐེབས་རོགས་སྐྱོབ་བྱེད་བཞིན་ཡོད། 

གནོད་ཐེབས་ཆེས་ཚབ་ཆེ་བའི་ཨའོ་ལུང་པའོ་མངའ་སྡེ་ཡི་མི6100ལྷག་གནས་སྤར་ཟིན་ལ། ས་དེའི་སྲིད་གཞུང་གིས་མི་ཁྲི3.3ལྷག་ཤོང་བའི་གནས་སྐབས་ཀྱི་འདུག་གནས33བཀོད་སྒྲིག་བྱས་ཡོད་པ་རེད། མིག་སྔར་འབྲེལ་ཡོད་མི་སྣས་ཆུ་རགས་སྲ་བརྟན་དུ་གཏོང་བཞིན་པའི་སྒང་རེད། 

ཨུ་རུ་སུའི་ཐཱ་སི་གསར་འགྱུར་ཁང་གིས་ཉིན་དེར་ཨུ་རུ་སུའི་བྲེལ་མྱུར་གནས་ཚུལ་པུའུ་གསར་འགྱུར་ཁྲུའུ་ཡི་གནས་ཚུལ་དྲངས་ནས་བཤད་རྒྱུར། ཟླ4པའི་ཚེས7ཉིན་ནས་ཚེས11ཉིན་བར་ཞི་པའོ་ལི་ཡ་དང་ཧྥུའུ་ཨར་ཅཱ། དེ་མིན་ཀྲུང་དབྱང་མནའ་འབྲེལ་ཆུས་བཅས་ཀྱི་གཞི་གྲངས་དབྱེ་ཞིབ་བྱས་པ་ལྟར་ན། ཉིན་རྒྱུན་གྱི་དྲོད་ཚད་མུ་མཐུད་དུ་ཡར་འཕར་སྲིད་པས་གངས་རི་དང་གཙང་བོའི་འཁྱགས་རོམ་ཞུ་ཚད་ཇེ་མགྱོགས་སུ་སོང་བ་ལས་ས་བབ་ཅུང་དམའ་བའི་ས་ཁུལ་དང་འགྲིམ་འགྲུལ་སྒྲིག་ཆས་ལ་ཆུ་ལོག་གི་གནོད་པ་ཐེབས་སྲིད་པ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།