ཀྲུང་གོ་བོད་ཀྱི་དྲ་བ།

མར་ཐ་གྲོས་ཚོགས་ཀྱིས་ཏེ་པོ་ནུའོ་སྐབས་རྗེས་མའི་ཙུང་ཐུང་ལ་བདམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མར་ཐ་གྲོས་ཚོགས་ཀྱིས་ཚེས27ཉིནའདེམས་ཤོག་འཕངས་ཏེ་སྨི་ལི་ཡ་མུའུ·སི་ཕི་ཐའེ་ལི·ཏེ་པོ་ནུའོ་སྐབས་རྗེས་མའི་ཙུང་ཐུང་ལ་བདམས། 

ཉིན་དེར་མར་ཐ་གྲོས་ཚོགས་སྟེང་ཙུང་ལི་ཨ་པའེ་ལ་ཡིས་གྲོས་མགོ་བཏོན་པ་དང་། ངོ་རྒོལ་ཏང་གི་གཙོ་འཛིན་པ་གེ་ལའེ་ཆི་ཡིས་ཟུར་གྲོས་བྱས་ཏེ་ཏེ་པོ་ནུའོ་སྐབས་རྗེས་མའི་ཙུང་ཐུང་གི་འགན་འཁུར་རྒྱུ་སྐོར་གྱི་གྲོས་གཞི་ལ་འདེམས་ཤོག་འཕངས་པ་རེད། མར་ཐ་གྲོས་ཚོགས་ལ་ཁྱོན་བསྡོམས་གྲོས་མི79ཡོད་ལ། ཉིན་དེར་གྲོས་མི4ཞུགས་ཐུབ་མེད་པ་རེད། ཏེ་པོ་ནུའོ་ལ་གྲོས་མི75ཡི་འདེམས་ཤོག་ཆ་ཚང་ཐོབ་པ་རེད། མར་ཐ་རྩ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། ཙུང་ཐུང་གསར་བའི་བསྐོ་བཞག་ལ་གྲོས་མི་གསུམ་ཆའི་གཉིས་ཀྱི་འདེམས་ཤོག་ཐོབ་དགོས། 

ཏེ་པོ་ནུའོ་ཟླ4པའི་ཚེས4ཉིན་ལས་འཁུར་དམ་བཅའ་བཞག་ནས་ཙུང་ཐུང་ཝེ་ལ་ཡི་ལས་འགན་གོ་ཚབ་གནང་རྒྱུ་ཡིན་ལ། ཏེ་པོ་ནུའོ་ནི་མར་ཐ་རྒྱལ་ཁབ་ཀྱི་ཙུང་ཐུང11པ་ཡིན་ལ་འགན་འཁུར་ཡུན་ལོ5རེད། མོ་ནི་མར་ཐའི་ལོ་རྒྱུས་སྟེང་གི་བུད་མེད་ཙུང་ཐུང་གསུམ་པ་རེད། 

ཏེ་པོ་ནུའོ་ནི་ད་ལོར་དགུང་ལོ71ཡིན་ལ། 1996ལོ་ནས1998ལོ་བར་མར་ཐ་གྲོས་ཁང་གི་གྲོས་དཔོན་གྱི་འགན་འཁུར་ཞིང་། བུད་མེད་གྲོས་དཔོན་དང་པོ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།