ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་འཇབ་རྒོལ་ཐེབས་པའི་མོ་སི་ཁོའི་རོལ་དབྱངས་ཁང་གི་ཞིག་རོ་འོག་མི་གཅིག་ཀྱང་མེད་པར་བཤད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་བྲེལ་མྱུར་གནས་ཚུལ་པུའུ་མོ་སི་ཁོ་མངའ་སྡེའི་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་པའོ་ལེ་ཐེ་ཅིན་གྱིས་ཚེས26ཉིན་བཤད་རྒྱུར། ཉེ་སྔོན་འཇིགས་སྐུལ་འཇབ་རྒོལ་ཐེབས་པའི་མོ་སི་ཁོ་ཉེ་འགྲམ་གྱི“ཁེ་ལའོ་ཁུ་སི་གྲོང་ཁྱེར”ཞེས་པའི་རོལ་དབྱངས་ཁང་གི་ཞིག་རོ་འོག་མི་གཅིག་ཀྱང་རྙེད་མ་བྱུང་བར་བཤད། 

ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། པའོ་ལེ་ཐེ་ཅིན་གྱིས་ཉིན་དེར་མོ་སི་ཁོ་མངའ་སྡེའི་མགོ་གཙོ་ཨའོ་ལའོ་པི་ཡེ་ཧྥུའུ་ལ་གནས་ཚུལ་ཡར་ཞུ་གནང་དུས། འཚོལ་སྐྱོབ་ཀྱི་ལས་དོན་ཡོངས་སུ་སྒྲུབ་ཚར་ལ། རོལ་དབྱངས་ཁང་གི་ཞིག་རོ་འོག་མི་གཅིག་ཀྱང་རྙེད་མ་བྱུང་བས་འཚོལ་སྐྱོབ་མི་སྣ་རྣམས་རིམ་གྱིས་ཕྱིར་འཐེན་བྱེད་བཞིན་ཡོད་པར་བཤད། 

“ཁེ་ལའོ་ཁུ་སི་གྲོང་ཁྱེར”ཞེས་པའི་རོལ་དབྱངས་ཁང་ལ་ཚེས22ཉིན་གྱི་དགོང་མོར་འཇིགས་སྐུལ་བའི་འཇབ་རྒོལ་ཚབས་ཆེན་ཐེབས་པ་རེད། ཨུ་རུ་སུའི་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གི་གཞི་གྲངས་གསར་ཤོས་ལྟར་ན། ཐེངས་འདིའི་འཇབ་རྒོལ་ལས་མི139ཚེ་ལས་འདས་པ་དང་མི182ལ་རྨས་ཕོག་པ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།