ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་རེས་སྐོར་འདིའི་དམག་འཁྲུག་ཁྲོད་ཕྱོགས་གཉིས་པོའི་མི6500ལས་བརྒལ་བ་རྐྱེན་ལམ་དུ་ཤོར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཛ་དྲག་དམིགས་བསལ་གྲོས་ཚོགས་འཚོགས་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས23ཉིན་ཕ་ལི་སི་ཐན་འཕྲོད་བསྟེན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རེས་སྐོར་འདིའི་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་དམག་འཁྲུག་ཁྲོད་ཕ་ལི་སི་ཐན་གྱི་མི5182རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཅཱ་ཧྲ་ས་ཁུལ་དུ་མི5087ལས་བརྒལ་བ་རྐྱེན་ལམ་དུ་ཤོར་བ་དང་། མི 15000ལ་རྨས་སྐྱོན་ཕོག་འདུག ཅོར་ཏན་ཆུ་བོའི་ནུབ་ངོགས་སུ་མི95རྐྱེན་ལམ་དུ་ཤོར་བ་དང་། མི1800ལྷག་ལ་རྨས་སྐྱོན་ཕོག ཅེ་རུ་ས་ལམ་སྦྲག་སྲིད་ཚགས་པར་གྱིས་དབྱི་སི་རལ་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་གཞི་ལུང་དུ་དྲངས་བར་གཞིགས་ན། དབྱི་སི་རལ་ཕྱོགས་སུ་དབྱི་སི་རལ་གྱི་མི་དང་ཕྱི་རྒྱལ་བ1400ལས་བརྒལ་བ་རྐྱེན་ལམ་དུ་ཤོར་ཡོད། མིག་སྔའི་བར། ཕ་སི་སི་ཐན་དང་དབྱི་སི་རལ་གྱི་རེས་སྐོར་འདིའི་དམག་འཁྲུག་ཁྲོད་ཕྱོགས་གཉིས་པོའི་མི6500ལས་བརྒལ་བ་རྐྱེན་ལམ་དུ་ཤོར་ཡོད། 

ཚེས23ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་གཞུང་ལས་ཁང་གིས་སྐབས78པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥུ་ལང་ཞི་སིས་ཟླ10པའི་ཚེས26ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཛ་དྲག་དམིགས་བསལ་གྲོས་ཚོགས་ཐེངས10པ་སླར་གསོ་བྱས་ནས། ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་དུས་བབ་ལ་གྲོས་བསྡུར་བྱ་རྒྱུ་རེད།  །

 
རྩོམ་སྒྲིག་པ། : 才让东珠