རྒྱལ་ཁབ་མང་པོའི་མི་སྣས་ཀྲུའུ་ཞི་ཅིན་ཕིང་གིས་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོའི་སྟེང་གནང་བའི་བརྗོད་དོན་གསུང་བཤད་ཀྱིས་མཐུན་སྒྲིལ་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་གྱི་དྲང་ནུས་བརྒྱུད་སྤྲོད་བྱས་ཡོད་ཅིང་། རྒྱལ་ཁབ་ཁག་གིས་མཉམ་དུ་སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་ཆེད་སྒུལ་ཤུགས་གསར་པ་བསྣན་ཡོད་ཅེས་བསྟན་འདུག
ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་རྒྱལ་སྤྱིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་ཅེ་ཉི་སུའོ་ཕུ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ལྟ་བར་མོས་མཐུན་ཆེན་པོ་ཡོད་དེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་མགོ་དེ་ཀྲུང་གོས་བཏོན་པ་དང་། ད་ལྟ་ནི་མཉམ་སྐྲུན་བྱེད་མཁན་རྒྱལ་ཁབ་ཚང་མར་དབང་། ཀྲུང་གོས་རྒྱལ་ཁབ་གང་ཞིག་ལའང་བཙན་ཐབས་མི་བྱེད་པར། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་མཁན་རྒྱལ་ཁབ་ཚང་མ་ནི་རང་མོས་ངང་ཞུགས་པ་ཞིག་ཡིན་པ་མ་ཟད། ཀྲུང་གོས་བླངས་པའི་གྲུབ་འབྲས་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད། ཉེ་བའི་ལོ་བཅུའི་རིང་། ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་ཆ་སྙོམས་ཀྱི་ལེགས་སྐྱེས་འབུལ་ཚད30%ལས་བརྒལ་བ་ནི་སྟེས་དབང་ཞིག་མིན། མཉམ་ལས་སྒྲིག་གཞི་དེ་དག་གིས་ཟབ་ཞུགས་བྱེད་མཁན་རྒྱལ་ཁབ་ཁག་ལ་འབྲས་བུ་མང་པོ་ཐོབ་ཡོད།
ཧ་སག་སི་ཐན་གྱི་ཀྲུང་གོའི་གནད་དོན་གྱི་མཁས་དབང་མཐུན་ཚོགས་ཀྱི་ཀྲུའུ་རེན་གོ་ཧྲ་ནུའོ་ཝ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྒྲགས་པའི་བྱ་སྤྱོད་དོན་ཚན་བརྒྱད་ཀྱི་ནང་། ཐོག་མར་བཏོན་པ་ནི་རྒྱུད་གཅིག་ལམ་གཅིག་གི་ལངས་གཟུགས་མཉམ་སྦྲེལ་མཉམ་མཐུད་དྲ་བ་འཛུགས་རྒྱུ་དེ་ཡིན་ཞིང་། སྐམ་ས་དང་མཚོ་ཐོག མཁའ་ཐོག་བཅས་མཉམ་འབྲེལ་མཉམ་མཐུད་ཀྱི་རྣམ་གྲངས་ནི་སྔ་བར་ཕྱི་གསུམ་དུ་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་གཙོ་གནད་ཡིན། ཧ་སག་སི་ཐན་གྱིས་ཀྲུང་གོས་ལི་ཧའེ་རྒྱ་མཚོ་བརྒལ་བའི་རྒྱལ་སྤྱིའི་སྐྱེལ་འདྲེན་བར་ཁྱམས་འཛུགས་སྐྲུན་ནང་ཞུགས་རྒྱུར་དགའ་བསུ་ཆེན་པོ་ཞུ་བཞིན་ཡོད་ཅིང་། མཉམ་ལས་རྣམ་གྲངས་གལ་ཆེན་དེས་ཨེ་ཤེ་ཡ་དང་ཡོ་རོབ་སྦྲེལ་མཐུད་དམ་ཟབ་ཐུབ་རྒྱུ་རེད་ཅེས་བསྟན།
ཨ་ཀེན་ཐིན་གྱི་ཀྲུང་གོའི་འཐབ་ཇུས་མཉམ་ལས་ལྟ་ཞིབ་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་ཞི་ཅི་ཝུའུ་སི་ཐོ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྗོད་དོན་གཙོ་བོའི་གསུང་བཤད་ཐོག་ནས་ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་དང་ཕྱོགས་མང་རིང་ལུགས་ལག་བསྟར། རྒྱལ་ཁབ་མང་བོ་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ནང་ཞུགས་པར་དགའ་བསུ་ཞུ་བ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱིས་ཞི་བདེ་མཉམ་ལས་དར་སྤེལ་གཏོང་བ་དང་། གཉིས་ཕན་མཉམ་རྒྱལ་ཡོང་ཡོད་པས། དེ་ནི་ནུབ་ཕྱོགས་ཀྱི་ཕྱོགས་རྐྱང་རིང་ལུགས་དང་། བཙན་དབང་གི་ཆབ་སྲིད་ཚོགས་པ་དང་གཏན་ནས་མི་འདྲ་བས། དེ་ནི་རྒྱལ་ཁབ150ལྷག་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནང་ཞུགས་འདོད་ཡོད་པའི་རྒྱུ་རྐྱེན་རེད་ཅེས་བསྟན། །