ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས10ཉིན། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས78པའི་སྟེང་དུ་ཀྲུང་གོ་ཡང་བསྐྱར་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་མིར་བདམས་པ་དང་། བསྐོ་ཡུན2024ལོ་ནས2026ལོའི་བར་རེད། ཀྲུང་གོས་རྒྱ་ཆེའི་ཚོགས་མི་རྒྱལ་ཁབ་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ལ་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཞུས་པ་དང་། དུས་མཚུངས་སུ་བསྐོ་བཞག་བྱས་པའི་ཚོགས་མི་རྒྱལ་ཁབ་གཞན་དག་ལ་རྟེན་འབྲེལ་ཞུས། །