ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུའུ་ཐུའུ་གསར་འགྱུར་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས10ཉིན་བསྒྲགས་པར། ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁིན་ས་གནས་དེ་གའི་དུས་ཚོད་ཚེས11ཉིན་དབྱི་སི་རལ་དང་ཡུའེ་ཏན་དུ་འཚམས་འདྲིར་ཕེབས་རྒྱུ་རེད།
གསར་འགྱུར་ལྟར་ན། པུའུ་ལིན་ཁིན་ཚེས12ཉིན་དབྱི་སི་རལ་དུ་འབྱོར་རྒྱུ་ཡིན་པ་དང་། དབྱི་སི་རལ་གྱི་མཐོ་རིམ་མི་སྣ་དང་ཐུག་འཕྲད་གནང་རྒྱུ་རེད། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པུའུ་ལིན་ཁིན་དེའི་རྗེས་ཡུའེ་ཏན་དུ་འགྲོ་རྒྱུ་རེད།
དེ་ལས་གཞན། ས་གནས་དེ་གའི་དུས་ཚོད་ཚེས10ཉིན་ཨ་རིའི་ཙུང་ཐུང་པེ་ཏིང་གིས་ཡང་བསྐྱར་ཨ་རིས་དབྱི་སི་རལ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་ནན་གྱིས་བསྟན། །