ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ལི་སི་ཐན་དང་དབྱི་སི་རལ་བར་གྱི་རེས་སྐོར་གསར་པའི་དམག་འཁྲུག་ཁྲོད་ཕྱོགས་གཉིས་པོའི་རྐྱེན་ལམ་དུ་ཤོར་བའི་མི་གྲངས1000ལས་བརྒལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལི་སི་ཐན་འཕྲོད་བསྟེན་སྡེ་ཁག་གིས་ས་གནས་དེ་གའི་དུས་ཚོད་ཚེས8ཉིན་སྤེལ་བའི་གཞི་གྲངས་ལྟར་ན། དབྱི་སི་རལ་དམག་གིས་ཀ་ཧྲ་རྒྱུད་ལ་མཁའ་ཐོག་འཇབ་རྒོལ་བྱས་རྐྱེན་ཕ་ལི་སི་ཐན་ཕྱོགས་ཀྱི་མི413རྐྱེན་ལམ་ཤོར་པ་དང་། དེའི་ནང་བྱིས་པ78དང་བུད་མེད41ཚུད། མཁའ་ཐོག་འཇབ་རྒོལ་གྱིས་ད་དུང་མི2300ལ་རྨས་སྐྱོན་བཟོས། གཞན་ཡང་། ཕ་ལི་སི་ཐན་འཕྲོད་བསྟེན་སྡེ་ཁག་གིས། དབྱི་སི་རལ་དམག་གི་འབར་གཏོར་བྱ་སྤྱོད་སྤེལ་བའི་རྐྱེན་གྱིས་ཀ་ཧྲ་རྒྱུད་ཀྱི་མི་ཁྲི2ལྷག་འདུག་སའི་གནས་མེད་པར་གྱུར་ཡོད་ཅེས་བསྟན།

དབྱི་སི་རལ་སྨྱན་བྱད་ལས་ཁུངས་ཀྱིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། རེས་སྐོར་གསར་པའི་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་དམག་འཁྲུག་ཁྲོད། དབྱི་སི་རལ་གྱི་མི700ལྷག་རྐྱེན་ལམ་དུ་ཤོར། དབྱི་སི་རལ་འཕྲོད་བསྟེན་སྡེ་ཁག་གིས་ཉིན་དེའི་དགོང་མོར་བསྒྲགས་པའི་གྲངས་གཞི་ལས་མངོན་པར། དམག་འཁྲུག་ནང་དབྱི་སི་རལ་གྱི་མི2200ལས་བརྒལ་བར་རྨས་སྐྱོན་བཟོས་ཡོད།

ཚེས7ཉིན་གྱི་དགོང་མོར་དབྱི་སི་རལ་བདེ་འཇགས་ནང་བློན་ཁང་གིས་མིག་སྔའི་དུས་བབ་དེ་དམག་འཁྲུག་གི་དུས་བབ་ལ་སླེབས་པར་གཏན་ཁེལ་བྱས།

ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་དུས་བབ་ལ་དམིགས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབྲེལ་ཡོད་ཕྱོགས་ཀྱིས་བཟོད་བསྲན་བྱས་ཏེ། འཕྲལ་དུ་དམག་འཁྲུག་མཚམས་འཇོག་པ། མང་ཚོགས་ལ་སྲུང་སྐྱོབ་བཅས་བྱས་ནས། དུས་བབ་ཇེ་སྡུག་ཏུ་མི་འགྲོ་བར་རེ་འབོད་བྱས།  །

 
རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།