ཀྲུང་གོ་བོད་ཀྱི་དྲ་བ།

ཕ་དབྱི་རེས་སྐོར་གསར་པའི་འགལ་ཟླའི་ནང་ཕྱོགས་གཉིས་པོའི་རྐྱེན་ལམ་དུ་ཤོར་བའི་མི་གྲངས400ལས་བརྒལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་གྱི་དབྱི་སི་ལམ་འགོག་རྒོལ་ལས་འགུལ(ཧ་མ་སི)ས་གནས་དེ་གའི་དུས་ཚོད་ཚེས7ཉིན་དབྱི་སི་རལ་གྱི་མངའ་ཁོངས་སུ་མེ་ཤུགས་འཕུར་མདེལ་མང་པོ་འཕངས་པ་དང་། དབྱི་སི་རལ་དེ་མ་ཐག་དམག་འཁྲུག་གི་རྣམ་པར་སླེབས་པ་དང་། ཀ་ཧྲ་རྒྱུད་ལ་མཁའ་ཐོག་འཇབ་རྒོལ་བྱ་རྒྱུའི་ཁྱབ་བསྒྲགས་བྱས།

ཕ་ལེ་སི་ཐན་ཀ་ཧྲ་རྒྱུད་ཀྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས7ཉིན་དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཀ་ཧྲ་རྒྱུད་ལ་འཇབ་རྒོལ་བྱས་པས་མི232རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི1697སྨན་ཁང་དུ་བསྐྱལ་ཡོད་ཅེས་བཤད། དབྱི་སི་རལ་གྱི་སྨན་བཅོས་སྡེ་ཁག་གིས་ཚེས7ཉིན། ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་རེས་སྐོར་གསར་པའི་འགལ་ཟླས་དབྱི་སི་རལ་གྱི་མི200ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི1400ལྷག་ལ་རྨས་ཕོག་ཅེས་བཤད། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་གཞུང་དོན་ཁང་གིས་གསལ་བསྒྲགས་སྤེལ་ནས། ཛ་དྲག་གི་རྣམ་པ་དེ་དབྱི་སི་རལ་རྒྱལ་ཡོངས་སུ་ཁྱབ་པ་ཡིན།

 
རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།