ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རླུང་གློག་རྣམ་གྲངས་ཐོག་མ་དངོས་སུ་བེད་སྤྱོད་མགོ་ཚུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུབ་འགན་ཁུར་བའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རླུང་གློག་རྣམ་གྲངས་ཐོག་མ་སྟེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རླུང་གློག་ཚོད་ལྟའི་རྣམ་གྲངས་དེ། ཉེ་ཆར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་བཀྲ་པི་རུ་དངོས་སུ་བེད་སྤྱོད་གཏོང་མགོ་ཚུགས་པ་དང་། གློག་ལམ་མཉམ་སྦྲེལ་མངོན་འགྱུར་བྱུང་ནས་གློག་འདོན་མགོ་ཚུགས། རྣམ་གྲངས་དེའི་སྤྱིའི་སྒྲིག་སྦྱོར་བྱས་པའི་ཤོང་ཚད་དེ་ཀྲའོ་ཝ177.5ཡིན་པ་དང་། རླུང་གློག་ར་བ་བཞིས་གྲུབ་ཡོད། རྣམ་གྲངས་བསྐྲུན་པ་དེས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མངའ་ཁོངས་ཧྲིལ་པོའི་རླུང་ནུས་སྤྱོད་ཚད་དང་རླུང་ནུས་གསར་སྤེལ་གྱི་གལ་ཆེའི་གཤིས་ནུས་དམིག་ཚད་ཚོད་ལྟ་དང་ར་སྤྲོད་ལ་དོན་སྙིང་གལ་ཆེན་ལྡན་ཞིང་། དེ་ནི་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཐོན་ནུས་མཉམ་ལས་ཀྱིས་ཀྲུང་གོའི་ལག་རྩལ་དང་ཀྲུང་གོའི་སྒྲིག་ཆས་ཕྱིར་གཏོང་ལ་སྐུལ་ཁྲིད་བྱེད་པའི་ལག་ལེན་ཞིག་རེད།  །

 
རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།