ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ཟླ9པར་གོ་ལ་ཧྲིལ་པོའི་ཀ་རའི་རིན་གོང་གིས་ཉེ་བའི་ལོ13ཚུན་གྱི་ཆེས་མཐོའི་ཟིན་ཐོ་བཏོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཚེས6ཉིན་སྤེལ་བའི་གྲངས་གཞི་ལྟར་ན། ད་ལོའི་ཟླ9པར་གོ་ལ་ཧྲིལ་པོའི་ཀ་རའི་རིན་གོང་གིས་ཉེ་བའི་ལོ13ནང་ཚུན་གྱི་ཟིན་ཐོ་གསར་པ་བཏོད། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས། གནས་ཚུལ་འདི་འདྲ་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ནི་ཨེར་ཉི་ནུའོ་སྣང་ཚུལ་གྱི་ཤུགས་རྐྱེན་འོག ཀ་རའི་ཐོན་ས་རྒྱ་གར་དང་ཐེ་ལན་གྱི་ཐོན་འབོར་ཉུང་དུ་ཕྱིན་པས་ཡིན་ཞེས་བསྟན་ཡོད།  །

 
རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།