ཀྲུང་གོ་བོད་ཀྱི་དྲ་བ།

སུའེ་ཏེན་གྱིས་ཡུག་རེན་ལ་ཡང་བསྐྱར་རིན་གོང་ཨ་སྒོར་དུང་ཕྱུར2ཟིན་པའི་དམག་དོན་རྒྱབ་སྐྱོར་བྱ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའེ་ཏེན་རྒྱལ་སྲུང་བློན་ཆེན་གྱིས་ཚེས6ཉིན་བསྟན་དོན། སུའེ་ཏེན་གྱིས་ཡུག་རེན་ལ་ཡང་བསྐྱར་ཨ་སྒོར་དུང་ཕྱུར་2ཟིན་པའི་དམག་དོན་རྒྱབ་སྐྱོར་བྱ་རྒྱུ་དང་། དེའི་ནང་མཚོན་ཆ་དང་རྫས་མདེལ་སོགས་ཚུད་ཡོད་ཅིང་། འདི་ཡང་སུའེ་ཏེན་གྱིས་ཡུག་རེན་ལ་དམག་དོན་རྒྱབ་སྐྱོར་བྱེད་ཐེངས14བ་རེད། ཨུ་རུ་སུའི་ཕྱོགས་ནས་དེ་སྔོན་ཡུག་རེན་ལ་མཚོན་ཆ་མཁོ་འདོན་བྱེད་པའི་དངོས་རྫས་གང་འདྲ་ཞིག་ཡིན་རུང་དེ་ནི་ཨུ་རུ་སུའི་ཁྲིམས་མཐུན་གྱི་གཏོར་ཕམ་གཏོང་བའི་དམིགས་འབེན་ཡིན་ཞེས་ཐེངས་མང་བརྗོད་ཡོད།  །

 
རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།