ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་མནའ་འབྲེལ་མགོ་ཁྲིད་པའི་དངོས་དོན་མིན་པའི་གྲོས་ཚོགས་མཇུག་སྒྲིལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་མནའ་འབྲེལ་གྱི་མགོ་ཁྲིད་པའི་དངོས་དོན་མིན་པའི་གྲོས་ཚོགས་དེ་ཚེས6ཉིན་མཇུག་སྒྲིལ། གྲོས་ཚོགས་ཐོག་གནས་སྤོར་ཡུལ་མིའི་གནད་དོན་ཐད་གྲོས་མཐུན་གཅིག་མཐུན་མ་བྱུང་། གནས་ཚུལ་སྤེལ་བར་གཞིགས་ན། ཕོ་ལན་དང་ཧང་ག་རིས་ཉིན་དེར་དབུ་ཚོགས་ཐོག་ཡོ་རོབ་མནའ་འབྲེལ་གྱི་གནས་སྤོར་ཡུལ་མིའི་ལམ་ལུགས་བསྒྱུར་བཅོས་ཐད་གཏན་ནས་མི་མཐུན་པའི་འདོད་ཚུལ་བསྟན། ཡོ་རོབ་མནའ་འབྲེལ་གྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་ནང་སླེབས་པའི་གནས་སྤོར་ཡུལ་མི་སླར་ཡང་བགོ་འགྲེམས་བྱེད་དགོས་པ་དང་། དང་ལེན་མི་བྱེད་པའི་རྒྱལ་ཁབ་ཀྱིས་དང་ལེན་བྱེད་མཁན་རྒྱལ་ཁབ་ལ་འགྲོ་གྲོན་སྤྲོད་དགོས། འོན་ཀྱང་ཕོ་ལན་དང་ཧང་ག་རིས་འདི་ནི་ཡོ་རོབ་མནའ་འབྲེལ་གྱི་བཙན་ཐབས་ཀྱི་བཀའ་རྒྱ་ཡིན་པའི་ངོས་འཛིན་བྱས་ཡོད།  །

 
རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།