ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་གྲོལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ཚེས8ཉིན་གྱི་སྔ་དྲོར་རྒྱལ་ས་ཧོ་ནེ་རུ་གྲོལ། ཚང་འཛོམས་གྲོས་ཚོགས་སྟེང་ད་ལོ་དང་སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་། སྤྱི་ཚོགས་སྲིད་ཇུས་ཀྱི་སྤུས་ཚད་མཐོར་འདེགས་དང་དེ་མིན་དུས་རབས་གསར་པའི་ཤེས་ཡོན་པའི་དཔུང་སྡེ་འཛུགས་སྐྱོང་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་པ་རེད།

ཡོ་ནན་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་མཇུག་འགྲིལ་བའི་ཤིས་ཚིག་ཕུལ་སྐབས། མིག་སྔར་རྒྱལ་སྤྱིའི་གནས་བབ་ཛ་དྲག་ཆེ་ལ་རྙོག་འཛིང་ལྡན་པ་དང་སྔོན་དཔག་ལས་བརྒལ་སྟབས་ཡོ་ནན་གྱི་དཔལ་འབྱོར་ལའང་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད། རྗེས་མར་ནུས་ཤུགས་ཡོད་རྒུས་འཕར་ཚད་ཆེ་རུ་གཏོང་བ་དང་ལས་ཞུགས་ལས་གནས་ཇེ་མང་དུ་གཏོང་བ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཚན་རྩལ་གསར་གཏོད་དར་སྤེལ་གཏོང་བ་བཅས་བྱས་ནས་སྤྱི་ཁོག་དཔལ་འབྱོར་བརྟན་པོ་ཡོང་བའི་རྨང་གཞི་སྟེང་དམངས་ཚོགས་ཀྱི་ཡོང་འབབ་མཐོ་རུ་བཏང་སྟེ་དམངས་འཚོ་ཇེ་ལེགས་སུ་གཏོང་དགོས་ཞེས་གསུངས། ཚང་འཛོམས་གྲོས་ཚོགས་སྟེང་ད་དུང་སྐབས་བཅུ་བཞི་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་མི་དོན་བཀོད་སྒྲིག་ཐད་གྲོས་བསྡུར་བྱས་པ་རེད།

རོན་ཧྥུའུ་ཀྲུང་གིས་བཤད་རྒྱུར། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སྟེང་ཚོགས་ཆེན་བཅུ་བཞི་པའི་གྲ་སྒྲིག་ལས་དོན་ཚོགས་ཆུང5འཛུགས་རྒྱུའི་གཏན་འབེབས་བྱས་ཡོད། 

ཚང་འཛོམས་གྲོས་ཚོགས་སྟེང་ཡོ་ནན་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ནམ་ཀྲུང་དབྱང་ཕྱི་ཕྱོགས་པུའུ་ཡི་པུའུ་ཀྲང་ལི་ཧོའེ་ཀྲུང་ཡོ་ནན་གུང་ཁྲན་ཏང་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིར་གསབ་སྣོན་བྱ་རྒྱུའི་གཏན་འབེབས་བྱས། 

ཡོ་ནན་གུང་ཁྲན་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ཚེས2ཉིན་འཚོགས་མགོ་བརྩམས་ཤིང་། འཚོགས་ཡུན་ཉིན7རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།