ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ནུབ་བྱང་ས་ཁུལ་དུ་ས་འགུལ་བྱུང་ནས་མི2445ཤི་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ10པའི་ཚེས7ཉིན། ཨ་ཧྥུའུ་ཧན་ནུབ་རྒྱུད་ཀྱི་ཧི་ལ་ཐི་ཞིང་ཆེན་གྱི་གནོད་ཐེབས་མང་ཚོགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ནུབ་རྒྱུད་ཀྱི་ཧི་ལ་ཐི་ཞིང་ཆེན་གནོད་སྐྱོབ་དོ་དམ་པུའུ་ཡི་འགན་ཁུར་མི་སྣ་མུའུ་ས་ཨ་ཧྲ་ལི་ཡིས་ཚེས8ཉིན་གྱི་དགོང་མོར་བཤད་རྒྱུར། ཨ་ཧྥུའུ་ཧན་ནུབ་བྱང་ས་ཁུལ་དུ་ཚེས7ཉིན་ས་འགུལ་བྱུང་ནས་མི2445ཤི་བ་རེད།

ཨ་ཧྲ་ལི་ཡིས་ཉིན་དེར་ད་རུང་བཤད་རྒྱུར། ས་འགུལ་གྱི་གནོད་སྐྱོན་ཆེས་ཚབས་ཆེ་བའི་ཧི་ལ་ཐི་ཞིང་ཆེན་གྱི་ཅིན་ཏ་ཀྲེན་ཆུས་སུ། སྡེ་བ13ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད། ཚོད་དཔག་ལྟར་ན་ས་འགུལ་ལས་ཤི་རྨས་བྱུང་བའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་རྒྱུ་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་མང་པའི་རོགས་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཟེར།

2.jpg

ཟླ10པའི་ཚེས7ཉིན། མི་རྣམས་ཀྱིས་ཨ་ཧྥུའུ་ཧན་ནུབ་རྒྱུད་ཀྱི་ཧི་ལ་ཐི་ཞིང་ཆེན་གྱི་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོར་བྱེད་བཞིན་པ།

གསར་འགོད་པས་ཅིན་ཏ་ཀྲེན་ཆུས་ཀྱི་གནོད་ཐེབས་ཡུལ་དངོས་སུ། ཨ་ཧྥུའུ་ཧན་ཧུང་ཞིན་ཡུའེ་ཚོགས་པ་སོགས་རྩ་འཛུགས་ལས་ཁུངས་ཀྱི་ལས་བྱེད་མི་སྣ་དང་སྡེ་མིས་མཉམ་དུ་རོགས་སྐྱོར་ལས་དོན་སྤེལ་ནས། བཤིག་རོའི་ཁྲོད་ཤི་རྨས་ཐེབས་པའི་མི་སྣ་དང་བེམ་པོ་འཚོལ་བཞིན་ཡོད་པ་མཐོང་། ཨ་ཧྥུའུ་ཧན་སྲིད་གཞུང་གི་སྡེ་ཁག་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་རོགས་སྐྱོར་དངོས་ཟོག་སྔ་རྗེས་སུ་གནོད་ཐེབས་ས་ཁུལ་དུ་བསྐྱལ་བཞིན་ཡོད།

ཀྲུང་གོ་ས་འགུལ་དྲ་བའི་ཚད་ལེན་བྱས་པ་ལྟར་ན། ཨ་ཧྥུའུ་ཧན་ནུབ་བྱང་ས་ཁུལ་དུ་ཚེས7ཉིན་ཚད་རིམ6.2ཅན་གྱི་ས་འགུལ་ཐེངས་གཉིས་ལ་བྱུང་བ་དང་། ས་འགུལ་གྱི་ཟབ་ཚད་ལ་སྤྱི་ལེ10ཡོད། ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་རྒྱལ་ཁབ་གནོད་སྐྱོན་དོ་དམ་དང་མི་ཆོས་རིང་ལུགས་ལས་དོན་པུའུ་ཡི་མགྲིན་ཚབ་པ་ཅ་ནན་སའེ་དབྱི་ཁུ་ཡིས་ཚེས8ཉིན་བཤད་རྒྱུར། ས་འགུལ་གྱིས་ཧི་ལ་ཐི་དང་པ་ཏི་ཅི་སི། ཧྥ་ལ་བཅས་ཞིང་ཆེན་གསུམ་གྱི་ཁང་བ1340བརྡིབས་ཡོད་ཟེར། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།